ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པར་ཁྱོན་བསྡོམས་གྲོས་གཞི5113འབྱོར་བ་དང་དོན་གནད་ཆེན་པོ་བདུན་ལ་དོ་སྣང་བྱེད།

ཡོང་ཁུངས། : ཀྲུང་གོའི་བོད་ལྗོངས་དྲ་བ།     སྤེལ་དུས། : 2019-03-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1124230256_1552462864551_title0h.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ3ཚེས13ཉིན་གྱི་སྔ་དྲོའི་ཆུ་ཚོད་དགུ་ཐོག རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་མཇུག་སྒྲིལ་ཚོགས་འདུ་འཚོགས། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པ་འཚོགས་རིང་། སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་ཚོགས་ཞུགས་ལས་ཁུངས། སྲིད་གྲོས་ཀྱི་ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་གིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་མཐའ་མའི་རྒྱལ་ཁ་ལེན་པ་དང་། ལོ་བརྒྱ་དང་པོའི་འབད་འཐབ་དམིགས་འབེན་ཁྲོད་ཀྱི་འགག་རྩའི་གནད་དོན། མི་དམངས་མང་ཚོགས་ཀྱི་ཐོབ་འདོད་དང་སྐྱིད་སྣང་། བདེ་འཇགས་བསམ་འདུན་བཅས་དངོས་ཡོད་གནད་དོན་བཅས་ལ་དམིགས་ནས་ཧུར་ཐག་གིས་གྲོས་གཞི་དང་ཐབས་ཇུས་བཏོན།

ཟླ3ཚེས7ཉིན་གྱི་ཆུ་ཚོད17བར་ཁྱོན་བསྡོམས་གྲོས་གཞི5113འབྱོར། 《གྲོས་གཞིའི་ལས་དོན་སྐོར་གྱི་སྲོལ་ཡིག་》དང་《གྲོས་གཞི་ཞིབ་བཤེར་ལས་དོན་གྱི་སྒྲིག་སྲོལ་ཞིབ་ཕྲ་》ལ་གཞིགས་ནས། ནན་ཏན་གྱིས་ཞིབ་བཤེར་བྱས། ཞིབ་བཤེར་བྱས་པ་བརྒྱུད་གྲོས་གཞི3859ཆེད་ཐོ་བཀོད་པ་དང་། གྲོས་གཞི133ཟླ་བསྒྲིལ་བྱས། གྲོས་གཞི1121བསམ་འཆར་དང་གྲོས་འཆར་བསྒྱུར། སྤྱིའི་ཆ་ནས་ཨུ་ཡོན་གྱི་སྤུས་ཚད་ཀྱི་འདུ་ཤེས་རྒྱ་ཁྱབ་ཀྱིས་ཆེ་རུ་སོང་ཡོད། གྲོས་གཞི་འདོན་པར་སྔར་བས་གཟབ་ནན་དང་ནང་དོན་ཐད་སྔར་བས་དོ་སྣང་། བརྟག་དཔྱད་ཞིབ་འཇུག་སྔར་བས་ཏན་ཏིག་གིས་སྒྲུབ་པ་དང་གྲོས་གཞི་སྔར་བས་ཞིབ་ཕྲ་ཡིན་པ་བཅས་སྤུས་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པས་འགན་སྒྲུབ་འགན་ལེན་གྱི་བསམ་པ་དང་ལས་འགན་སྒྲུབ་སེམས་མངོན་པར་མཚོན་ཡོད།

གྲོས་གཞི་ཕལ་ཆེ་བ་དོན་གནད་གཅིག་ཏུ་འདུས་པ་སྟེ། གཙོ་བོ་མུ་མཐུད་དུ་འགག་སྒྲོལ་ཆེན་པོ་གསུམ་གྱི་དམག་འཐབ་ལེགས་པོ་སྒྲུབ་པ། དཔལ་འབྱོར་བརྟན་ལྷིང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བ། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་གོང་འཕེལ་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་ཕུན་ཚོགས་འཕེལ་རྒྱས་འགྲོ་བ། དམངས་འཚོ་འགན་སྲུང་དང་ལེགས་བཅོས་སྔར་བས་བྱེད་པ། སྣོད་བཅུད་འཛུགས་སྐྱོང་དང་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་སྣོན་གཏོང་བ། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་དང་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ་བཅས་ཕྱོགས་ཆེན་པོ་བདུན་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།