ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཧུའུ་ཉིང་ཧྲན་ཞི་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-03-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1124227037_15523981458941n.jpg

ཟླ3པའི་ཚེས12ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་ཧྲན་ཞི་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་ཚེས12ཉིན་གྱི་ཕྱི་དྲོར་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་ཧྲན་ཞི་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། 

ཁོང་གིས་འཐུས་མི་དབྱང་ཅིན་ཧའེ་དང་། ཀྲིན་ལེན་ཧྲན། ཧྲིན་ཅི་ལན་སོགས་ཀྱི་གཏམ་བཤད་ལ་ཉན་རྗེས་བསྟན་དོན། ཧྲན་ཞི་ཡི་བྱ་བ་སོ་སོའི་ཐད་ནས་གྲུབ་འབྲས་གསར་བ་བླངས་ཡོད་པ་དང་། ཧྲན་ཞི་ཡིས་ཞི་ཅིན་ཕེན་གྱི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བྱས་པ་དང་། ནན་ཏན་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཧྲན་ཞི་བྱ་བར་བཏོན་པའི་འབྲེལ་ཡོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དངོས་འབེབས་བྱས་ཏེ། རྒྱ་ཆེའི་ཏང་ཡོན་ལ་སྣེ་ཁྲིད་དང་། ལས་བྱེད་པས“འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་། “ཡིད་རྟོན་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་བྱེད་དགོས་པ་གཉིས”ལེགས་པོར་བསྒྲུབ་དགོས་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་དོན་འཁྱོལ་བྱས་ཏེ་བཅོས་བསྒྱུར་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱིས་མུ་མཐུད་དུ་གོམ་སྟབས་གསར་བ་སྤོ་བར་སྐུལ་འདེད་བྱེད་པ། ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བ་གཙོ་ཐིག་ཏུ་བཟུང་ནས་གཅིག་གྱུར་འཆར་འགོད་ཀྱིས་དྲིལ་བསྒྲགས་ཀྱི་ལས་དོན་དག་ལེགས་པོར་སྒྲུབ་པ་དང་། ལས་བྱེད་མང་ཚོགས་ཀྱིས་དུས་རབས་གསར་བར་བྱས་རྗེས་འཇོག་པའི་བློ་སྟོབས་ཇེ་དྲག་ཏུ་གཏོང་བ། གཏིང་ཟབ་སྒོས་དབུལ་ཐར་མཁྲེགས་གཏོར་དང་ཞིང་སྡེའི་དར་སྤེལ་འཐབ་ཇུས་ལ་སྐུལ་འདེད་བཏང་སྟེ། མི་དམངས་ཀྱི་སྐྱིད་སྣང་དང་། ཐོབ་ཚོར། བདེ་སྣང་བཅས་ཀྱི་ཤུགས་ཆེ་རུ་གཏོང་བ། ཁྱོན་ཡོངས་ནས་ཏང་གི་འགོ་ཁྲིད་དང་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ནས་ཆབ་སྲིད་སྐྱེ་ཁམས་རྒྱུན་མཐུད་ངང་ཇེ་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།