ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱིས་ཕྱི་ཚུལ་རིང་ལུགས་ཀྱི་འབུར་ཐོན་གནད་དོན་ཐག་བཅད་དེ་གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བའི་སྐོར་གྱི་བརྡ་ཐོ་འགྲེམ་སྤེལ་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-03-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱིས་ཕྱི་ཚུལ་རིང་ལུགས་ཀྱི་འབུར་ཐོན་གནད་དོན་ཐག་བཅད་དེ་གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བའི་སྐོར་གྱི་བརྡ་ཐོ་འགྲེམ་སྤེལ་བྱས།

བརྡ་ཐོའི་ནང་བྱ་བའི་བླང་བྱ་ལྔ་བཏོན་པ་སྟེ། གཅིག ཏང་གི་ཆབ་སྲིད་འཛུགས་སྐྲུན་གྱིས་བསམ་བློ་སློབ་གསོར་ཤུགས་སྣོན་པར་གཅིག་གྱུར་སྒོས་བཀོད་འདོམས་བྱས་ཏེ། ཏང་གཤིས་རྣམ་དག་མིན་པ་དང་ཆབ་སྲིད་གྲུབ་འབྲས་ལྟ་བ་ནོར་བའི་གནད་དོན་གཙོར་བཟུང་ནས་ཐག་གཅོད་དགོས། གཉིས། རིམ་པའི་རིམ་པར་ཡིག་ཆ་འགྲེམ་པ་དང་རིམ་པའི་རིམ་པ་ནས་ཚོགས་འདུ་འཚོགས་པ་ཚོད་འཛིན་ནན་མོ་བྱས་ཏེ། ཡིག་ཆ་མང་བ་དང་ཚོགས་འདུ་མང་བའི་སྣང་ཚུལ་ཡང་བསྐྱར་འབྱུང་བའི་གནད་དོན་གཙོར་བཟུང་ནས་ཐག་གཅོད་དགོས། གསུམ། འཆར་གཞིའི་དོ་དམ་དང་ལྟ་སྐུལ་ལག་བསྟར་ལ་ཤུགས་བསྣན་ཏེ། ལྟ་སྐུལ་ཞིབ་བཤེར་དཔྱད་ཞིབ་མང་དྲགས་པ་དང་དེ་ལས་ཤུགས་རྐྱེན་ཟབ་མོ་བཟོས་པའི་གནད་དོན་གཙོར་བཟུང་ནས་ཐག་གཅོད་དགོས། བཞི། འགན་འདྲི་ལམ་ལུགས་དང་སྐུལ་ལྕག་ཐུགས་ཁུར་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ། ལས་བྱེད་པས་ཁག་ཁུར་བྱེད་མི་ཕོད་པའི་གནད་དོན་གཙོར་བཟུང་ནས་ཐག་གཅོད་དགོས། ལྔ། རྩ་འཛུགས་འགོ་ཁྲིད་ལ་ཤུགས་བསྣན་ཏེ། གཞི་རིམ་དུ་གནས་པའི་ཕྱི་ཚུལ་རིང་ལུགས་ཀྱི་གནད་དོན་ཐག་གཅོད་པར་སྟོབས་དང་ལྡན་པའི་འགན་སྲུང་འདོན་སྤྲོད་བྱེད་དགོས་པ་བཅས་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།