ཀྲུང་གོ་བོད་ཀྱི་དྲ་བ།

ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་གིས་ཁྲིམས་འཛིན་རོགས་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-03-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ཆར། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གིས་མཉམ་དུ《ཞིབ་དཔྱོད་ལས་ཁུངས་རྒྱལ་ཁབ་ཁྲིམས་འཛིན་རོགས་སྐྱོབ་ལས་དོན་གྱིས་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》བཀྲམ་ནས་ཁྲིམས་འཛིན་བརྒྱུད་རིམ་ནང་དོ་བདག་དབུལ་པོར་རོགས་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་པ་མ་ཟད། དབུལ་པོའི་ཁུངས་སྣེ་སྐྱེལ་སྤྲོད་དང་ཐག་གཅོད་དང་། རོགས་སྐྱོབ་ཁུངས་སྣེ་སྐྱེལ་སྤྲོད་དང་སྒྲུབ་གཉེར། རོགས་སྐྱོབ་མ་དངུལ་འགན་ལེན་དང་བེད་སྤྱོད། སྣ་མང་ཅན་གྱི་རོགས་སྐྱོར། མཉམ་བཞུགས་ཚོགས་འདུའི་ལམ་ལུགས་སོགས་ཀྱི་ནང་དོན་ཡང་ཁ་གསལ་བཟོས་ཡོད་པ་རེད།

ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་ཞིབ་དཔྱོད་ཐིང་བཅུ་པའི་ཐིང་ཀྲང་ཞུས་ཤང་ཁྲུན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། རྒྱལ་ཁབ་ཀྱི་ཁྲིམས་འཛིན་རོགས་སྐྱོབ་ནི་དབུལ་སྐྱོར་སྐྱོབ་གསོའི་དམངས་འཚོའི་ལས་དོན་ཞིག་ཡིན་ཞིང་། 2018ལོའི་ཟླ4པར་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་རྒྱལ་ཡོངས་སུ“རྒྱལ་ཁབ་ཀྱི་ཁྲིམས་འཛིན་རོགས་སྐྱོབ་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི”ཆེད་དོན་བྱེད་སྒོ་སྤེལ་བ་དང་། 2018ལོའི་ལོ་མཇུག་བར། རྒྱལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྱོན་མི12924ལ་རོགས་སྐྱོབ་བྱས་ནས་རོགས་སྐྱོབ་དངུལ་སྒོར་ཁྲི18747.53སྤྲད་པ་དང་། ཁྱིམ་ཚང་དབུལ་པོ4792ལ་རོགས་སྐྱོབ་བྱས་ཡོད་པ་རེད།

《བསམ་འཆར》ནང་ཁྲིམས་འཛིན་རོགས་སྐྱོབ་ལས་ཀའི་ལམ་སྲོལ་བཟོས་ནས་འཐུས་སྒོ་ཚང་དུ་བཏང་བ་དང་། ཞིབ་དཔྱོད་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་ཁྲིམས་འཛིན་རོགས་སྐྱོབ་ལས་དོན་སྤེལ་སྐབས་རོགས་སྐྱོབ་བྱེད་དགོས་རིགས་ཚང་མར་རོགས་སྐྱོབ་བྱེད་པ་དང་། རིགས་དབྱེ་ཇུས་བསྟར། གནད་སྨིན་ཤུགས་འདོན། མཉམ་དུ་འགག་སྒྲོལ་བཅས་ཀྱི་རྩ་དོན་ལ་བརྩི་སྲུང་ཞུ་དགོས་པའི་གཏན་འབེབས་བྱས་པ། ཞིབ་དཔྱོད་ལས་ཁུངས་ཀྱིས་རང་འགུལ་ངང་རོགས་སྐྱོབ་བྱེད་དགོས་པ་མ་ཟད་དོ་བདག་དབུལ་པོའི་དཀའ་ངལ་དངོས་དང་དངོས་ཡོད་ཀྱི་དགོས་མཁོ་གཞིར་བཟུང་རོགས་སྐྱོབ་དང་རོགས་རམ་བྱས་ཏེ་དམིགས་སའི་རང་བཞིན་དང་ཧེ་བག་ཅན་གྱི་རོགས་སྐྱོར་བྱེད་དགོས་པ་དང་ཆབས་ཅིག སྤྱི་ཚོགས་ཕྱོགས་ཁག་གི་སྟོབས་ཤུགས་ལ་ཁྲིད་སྟོན་ལྕག་སྐུལ་གྱིས་ཆེད་དོན་དབུལ་སྐྱོར་དང་། ལས་རིགས་དབུལ་སྐྱོར། སྤྱི་ཚོགས་དབུལ་སྐྱོར་བཅས་ཕན་ཚུན་གསབ་རེས་ཀྱི་དབུལ་སྐྱོར་ཆེན་པོའི་བཀོད་པ་ཞིག་དང་ཕྱོགས་བསྡུས་ཀྱི་རོགས་སྐྱོབ་མ་ལག་ཅིག་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།