ཀྲུང་གོ་བོད་ཀྱི་དྲ་བ།

ཤིན་ཅང་བས་གསུངས་དོན་མི་རིགས་ཁག་གིས་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་བསྒྲིལ་བས་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་ལེགས་སུ་སོང་ཡོད།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-03-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་བཏོན་པའི“མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་གཏིང་ཟབ་སྤེལ་ནས་མི་རིགས་ཁག་ཞི་མཐུན་མཉམ་གནས་དང་། ཕྱར་བ་གྲུ་འདེགས། ཞི་མཐུན་འཕེལ་རྒྱས”བཅས་ལ་ཉིན་ཤས་བསྟུད་མར་ཤིན་ཅང་གི་འཐུས་མི་ཚོགས་པའི་འཐུས་མི་དང་ཤིན་ཅང་གི་མི་རིགས་ཁག་གི་མང་ཚོགས་ཁྲོད་ཐུན་མོང་གི་ངོས་འཛིན་ཟབ་མོ་བྱུང་ཞིང་། ཁོང་ཚོས་མི་རིགས་མཐུན་སྒྲིལ་ནི་འཕེལ་རྒྱས་ཀྱི་རྨང་རྡོ་ལྟ་བུ་ཡིན་པས་ངེས་པར་དུ་རང་གི་མིག་འབྲས་ལ་གཅེས་པ་ལྟར་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་བྱེད་དགོས་ཞེས་གསུངས།

“འདས་ཟིན་པའི་ལོ་གཅིག་རིང་རྒྱལ་ཁབ་ཀྱིས་དམངས་བདེ་དམངས་ཕན་གྱི་སྲིད་ཇུས་བཟང་པོ་གང་མང་བཏོན་པས། ཕ་ཡུལ་གྱི་འགྱུར་ལྡོག་ལོ་རེ་ལས་ལོ་རེ་ཆེ་བ་ཡོད་སྟབས། ཚང་མས་སྙིང་ཁོང་རུས་པའི་གཏིང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་ལ་ཐུགས་རྗེ་ཆེ་ཞུ་ཡི་ཡོད”ཅེས་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཡུས་ཐེན་རྫོང་ཁུར་པན་ཐུའུ་ལུའུ་མུའུ་དྲན་གསོ་ཁང་གི་འགྲེལ་བཤད་པ་དང་འཐུས་མི་རུའུ་ཁེ་ཡ་མུའུ·མའེ་ཐི་སའེ་ཏིས་གསུངས།

ད་ལྟ་རུའུ་ཁེ་ཡ་མུས་ཉིན་ལྟར་ཕྱོགས་བཞི་མཚམས་བརྒྱད་ནས་སླེབས་པའི་ཡུལ་སྐོར་བར་རང་ཁྱིམ་གྱི་མི་རབས་བཞིའི་གཏམ་རྒྱུད་བརྗོད་ཀྱི་ཡོད་ཅིང་། རུའུ་ཁེ་ཡ་མུས་ཤིན་ཅང་གི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚང་མས་མི་རིགས་མཐུན་སྒྲིལ་ལ་མཐོང་ཆེན་པོ་བྱས་ནས་མི་རིགས་མཐུན་སྒྲིལ་རྒྱུན་གཏན་གྱི་འཚོ་བ་དང་། སློབ་གྲྭའི་སློབ་གསོ། ཁྱིམ་ཚང་གི་སློབ་གསོ། སྤྱི་ཚོགས་ཀྱི་སློབ་གསོ་སོགས་ཀྱི་ཕྱོགས་ཚང་མར་འདྲེས་ཡོད་ཅེས་གསུངས།

“‘འདྲི་བ་དང་། ཕན་འདོགས་པ། གཅིག་སྒྲིལ’(དམངས་ཀྱི་བདེ་སྡུག་འདྲི་བ་དང་། དམངས་འཚོར་ཕན་འདོགས་པ། དམངས་སེམས་གཅིག་སྒྲིལ)གྱི་གྲོང་སྡོད་ལས་དོན་མི་རིགས་ཁག་གི་མང་ཚོགས་ཀྱི་སེམས་ལ་ཟུག” ཀ་ཧྲི་རྫོང་ཁོ་ཙི་ལེ་སུའུ་ཤང་ཨ་ཡ་ཀེ་ལན་ཀན་གྲོང་ཚོའི“འདྲི་བ་དང་། ཕན་འདོགས་པ། གཅིག་སྒྲིལ”བཅས་ཀྱི་ལས་དོན་རུ་ཁག་གི་རུ་དཔོན་ཧྲུའུ་ཅི་དང་པོ་འཐུས་མི་ཁྲེན་ལེང་ལ་ལོ་3གྱི་གྲོང་སྡོད་ཉམས་མྱོང་ཡོད་པས་གྲོང་ཚོའི་འཕེལ་རྒྱས་དང་འགྱུར་ལྡོག་གི་དཔང་པོ་བྱེད་ཐུབ། “ཨ་ཡ་ཀེ་ལན་ཀན་གྲོང་ཚོར‘མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ’བའི་བྱེད་སྒོ་རྒྱུན་ཆད་མེད་པར་གཏིང་ཟབ་སྤེལ་ནས་སྤུན་སྒྲིག་ལས་བྱེད་པས་ན་ནིང་གྲོང་མིར་དཀའ་ངལ་ཁག་100ལྷག་ཙམ་བསལ་ཡོད”

2018ལོའི་ལོ་མཇུག་བར། ལྗོངས་ཡོངས་སུ་ལས་བྱེད་པ་དང་ལས་བཟོ་ཁྲི་112ཀྱིས་མི་རིགས་ཁག་གི་མང་ཚོགས་དུད་ཚང་ཁྲི་169དང་ཆ་སྒྲིག་གཉེན་འཚོལ་བྱས་ཡོད། ལྗོངས་ཡོངས་ཀྱི་ལས་བྱེད་པ་དང་ལས་བཟོ་ཚོས་རིམ་རྩིས་བྱས་ན་མང་ཚོགས་ལ་འཚམས་འདྲི་ཐེངས་ཁྲི་1513བྱས་ནས་བྱ་བ་དངོས་དང་བྱ་བཟང་ཁྲི་716བསྒྲུབས་པ་དང་མི་རིགས་མཐུན་སྒྲིལ་གྱི་མཉམ་འབྲེལ་བྱེད་སྒོ་ཐེངས་ཁྲི་781སྤེལ་ཡོད། རང་སྐྱོང་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གཞོན་པ“མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ”བའི་བྱེད་སྒོའི་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་འགན་འཁུར་བ་ཝང་ཁེ་ཡུང་གིས“མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ”སོགས་མི་རིགས་མཐུན་སྒྲིལ་གྱི་མཉམ་འབྲེལ་བྱེད་སྒོས་མི་རིགས་ཁག་གི་མང་ཚོགས་ཀྱིས་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་ཧུར་ཐག་གཏོང་བའི་སྤྲོ་སེམས་འཕེལ་ཡོད་ཅེས་གསུངས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།