ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཆི་ཧྲན་ཧུའུ་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-03-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1124206339_15519730848381n.jpg

ཟླ་གསུམ་པའི་ཚེས་བདུན་ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའ་ཞི་གཞོན་པ་ཝང་ཆི་ཧྲན་ཁོང་ཡོད་སའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་ཧུའུ་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའ་ཞི་གཞོན་པ་ཝང་ཆི་ཧྲན་ཚེས་བདུན་ཉིན་གྱི་སྔ་དྲོར་ཁོང་ཡོད་སའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་ཧུའུ་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

ཝང་ཆི་ཧྲན་གྱིས་བསྟན་དོན། འདས་པའི་ལོ་གཅིག་ནང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་འོག ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཐད་ནས་ཚོགས་ཆེན་བཅོ་བརྒྱད་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཀྱི་རྨང་གཞིའི་སྟེང་སྔར་ལས་འཕེལ་རྒྱས་སུ་སོང་བ་དང་། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་ཐད་ནས་གྲུབ་འབྲས་གསར་བ་བླངས། ཙུང་ལི་ལིས་ཁི་ཆང་གིས་ཕུལ་བའི་སྲིད་གཞུང་བྱ་བའི་སྙན་ཞུ་ཡིས་བདེན་འཚོལ་དངོས་གཉེར་བྱས་པ་དང་། གནས་བབ་ལས་འགན་གྱི་རེ་བ་དང་འཚམ་པས། ཧ་ཅང་འཐད་པ་ཡིན་ཟེར། ཝང་ཆི་ཧྲན་གྱིས་བསྟན་དོན། འཛམ་གླིང་གི་ཆབ་སྲིད་དཔལ་འབྱོར་ཐད་ནས་འཇམ་འཐབ་མཇུག་རྫོགས་པའི་ཚུན་གྱི་བཅོས་བསྒྱུར་སྤེལ་བཞིན་པའི་སྒང་ཡིན་ལ། གཏན་ཁེལ་མིན་པའི་ཁྲོད་ནས་གཏན་ཁེལ་རང་བཞིན་མཐོང་བ་དང་། ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་གཏན་ཤུགས་རྒྱུན་འཁྱོངས་བྱེད་པ། གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ལག་ལེན་མཐར་ཕྱིན་བྱས་ཏེ། ཏན་ཏན་ཏིག་ཏིག་གིས་ཀྲུང་གོ་རང་གི་བྱ་བ་བཟང་བོར་བསྒྲུབ་དགོས་ཟེར། 

ཝང་ཆི་ཧྲན་གྱིས་ནན་གྱིས་བསྟན་དོན། འཕེལ་རྒྱས་དོ་མི་མཉམ་པའི་གནད་དོན་འཕེལ་རྒྱས་སུ་གཏོང་བའི་ཁྲོད་ཐག་གཅོད་དགོས། ང་ཚོའི་གདམ་བསེས་ནི་བློ་བརྟན་འགྱུར་མེད་ཀྱིས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་སྒོ་འབྱེད་རྒྱ་སྐྱེད་པ་བརྒྱུད་དེ། མི་དམངས་ཀྱི་ཉིན་རེ་བཞིན་འཕར་སྣོན་བྱེད་བཞིན་པའི་མཛེས་སྡུག་འཚོ་བའི་ཐད་ཀྱི་དགོས་མཁོ་དང་དོ་མི་མཉམ་པ་དང་འཐུས་མི་ཚང་བའི་འཕེལ་རྒྱས་བར་གྱི་འགལ་རྩོད་ཐག་གཅོད་དགོས། གནས་ལྔ་ཕྱོགས་གཅིག་ནི་རིམ་པ་སྔར་ལས་མཐོ་བའི་རེ་བ་ཡིན་པ་དང་། མཁྲེགས་གཏོར་ཆེན་པོ་གསུམ་ལག་བསྟར་བཟང་བོ་བྱེད་རྒྱུ་ནི་དམངས་ཀྱི་ཆེད་དུ་སྲིད་འཛིན་པའི་ཆབ་སྲིད་དཔལ་འབྱོར་གྱི་བྱེད་ཐབས་ཡིན་པས། མི་དམངས་གཙོར་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱེད་པ། ཉིན་རེ་བཞིན་སྣ་མང་ཅན་དང་ཞིབ་ལེགས་ཅན་དུ་འགྱུར་བཞིན་པའི་འཛད་སྤྱོད་དགོས་མཁོའི་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བར་ཁ་གཏད་དེ། སྤུས་ཚད་མཐོན་པོའི་འཕེལ་རྒྱས་མངོན་འགྱུར་བྱེད་པ་དང་། མི་དམངས་མང་ཚོགས་ལ་ཕན་འདོགས་དགོས་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།