ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་ཧྲན་ཞི་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-03-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1124197260_15517994382221n.jpg

ཟླ་གསུམ་པའི་ཚེས་ལྔ་ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་ཧྲན་ཞི་འཐུས་ཚབ་ཚོགས་པ་རུ་སོང་ནས། འཐུས་མི་ཚོ་དང་མཉམ་དུ་སྲིད་གཞུང་བྱ་བའི་སྙན་ཞུ་ལ་གྲོས་ཞིབ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་ཚེས་ལྔ་ཉིན་གྱི་ཕྱི་དྲོར་ཧྲན་ཞི་འཐུས་ཚབ་ཚོགས་པ་རུ་སོང་ནས། འཐུས་མི་ཚོ་དང་མཉམ་དུ་སྲིད་གཞུང་བྱ་བའི་སྙན་ཞུ་ལ་གྲོས་ཞིབ་བྱས།

འཐུས་མི་ཚོའི་གཏམ་བཤད་ལ་ཉན་རྗེས། ཧན་ཀྲིན་གྱིས་བསྟན་དོན། ཙུང་ལི་ལིས་ཁི་ཆང་གིས་ཕུལ་བའི་སྲིད་གཞུང་བྱ་བའི་སྙན་ཞུ་ལ་ཧ་ཅང་འཐད་པ་ཡིན་ཟེར། ཁོང་གིས་གསུང་རྒྱུར། འདས་པའི་ལོ་གཅིག་ནང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་དཀའ་སྤྱད་མདུན་སྐྱོད་དང་དཀའ་ངལ་ཁྱད་སེལ་བྱས་པས། རང་རྒྱལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་བཏང་། སྲིད་གཞུང་བྱ་བའི་སྙན་ཞུའི་ནང་བྱ་བར་སྤྱི་སྡོམ་བྱེད་སྐབས་དངོས་ཐོག་བདེན་འཚོལ་དང་དྲང་བདེན། གནད་དོན་ལ་ཐད་ཀར་ཁ་གཏད་ཡོད་པ་དང་། 2019ལོའི་བྱ་བའི་བཀོད་སྒྲིག་ཐད་ནས་བསམ་ཕྱོགས་གསལ་བོ་དང་གཙོ་གནད་འབུར་ཐོན་བྱས་ཡོད་ལ། བྱེད་ཐབས་ཤུགས་ཡོད་བཏོན་ཡོད་ལ། དེ་ནི་བདེན་འཚོལ་དངོས་གཉེར་གྱི་སྙན་ཞུ་བཟང་བོ་ཞིག་ཡིན་ཟེར།

ཧན་ཀྲིན་གྱིས་ནན་གྱིས་བསྟན་དོན། 2019ལོ་ནི་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པའི་ལོ་དང་། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ་དང་བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་གནད་འགག་གི་ལོ་ཡིན་པས། ངེས་པར་དུ་ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་མཐའ་གཅིག་ཏུ་བསྒྲུབ་པ། བསམ་བློ་དང་འགུལ་སྐྱོད་གཉིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱས་ནས། བཅོས་བསྒྱུར་འཕེལ་རྒྱས་དང་གཏན་འཇགས་ཀྱི་བྱ་བ་སྣ་ཚོགས་བརྟན་བརླིང་ངང་བསྒྲུབ་དགོས། ངེས་པར་དུ་དཔལ་འབྱོར་འཛུགས་སྐྲུན་དཀྱིལ་སྙིང་དུ་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱེད་པ། ཚོང་ར་ཅན་གྱི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ། དཔྱ་ཁྲལ་ཇེ་ཉུང་དུ་གཏོང་བའི་སྲིད་ཇུས་ལག་བསྟར་བཟང་བོ་བྱེས་ནས། དཔལ་འབྱོར་སྤུས་ཚད་མཐོན་པོའི་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས། ངེས་པར་དུ་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། སྲ་བརྟན་དང་ཤུགས་སྣོན། མཐོར་འདེགས། གེགས་མེད་ཀྱི་ཡིག་འབྲུ་བརྒྱད་ཀྱི་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བྱེད་དགོས། ངེས་པར་དུ་མཁྲེགས་གཏོར་ཆེན་པོ་གསུམ་གྱི་བྱ་བ་བཟང་བོ་བསྒྲུབ་པ་རྒྱུན་འཁྱོངས་བྱེད་པ་དང་། འབུར་ཐོན་གནད་དོན་ལ་ཁ་གཏད་པ། འགལ་རྩོད་གཙོ་བོར་དམིགས་ནས། བྱ་བ་གཙོ་བོ་བཟང་བོར་བསྒྲུབ་དགོས། ངེས་པར་དུ་དམངས་ཚིས་འགན་སྲུང་དང་ལེགས་བསྒྱུར་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། ནམ་ཡང་མི་དམངས་གཙོར་བཟུང་ནས་བྱ་བར་འཆར་འགོད་བྱེད་པ་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། མི་དམངས་ལ་རྒྱབ་བརྟེན་ནས་བྱ་བ་བཟང་བོར་བསྒྲུབ་པ་དང་ལས་དོན་གཉེར་དགོས་ཟེར།

ཧན་ཀྲིན་གྱིས་འཐུས་མི་ཚོ་དང་བརྗེ་རེས་གྲོས་སྡུར་བྱས་པ་དང་། འཐུས་མི་ཚོའི་བཏོན་པའི་གྲོས་གཞི་ལ་ལན་བཏབ། ཁོང་གིས་ཧྲན་ཞི་ཡིས་ཞི་ཅིན་ཕིང་གིས་མངག་བཅོལ་གལ་ཆེན་སེམས་སུ་བརྟན་པོར་འཛིན་པ་དང་། དམིགས་འབེན་འཚོལ་སྙེག་དང་དམ་འཛིན་བྱེད་པ། བརྟན་བརླིང་ལྔ་ཡི་བྱ་བའི་བླང་བྱ་ལག་ལེན་མཐར་ཕྱིན་བྱས་ནས། ཧྲན་ཞི་འཕེལ་རྒྱས་ཀྱི་ལེའུ་གསར་བ་འབྲི་རྒྱུའི་རེ་བ་བཏོན། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།