ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཀྲན་ཧྲུའུ་ཅང་ཞི་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-03-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1124197127_15517955214831n.jpg

ཚེས་ལྔ་ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷ་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཁོང་ཡོད་སའི་ཅང་ཞིའི་འཐུས་ཚབ་ཚོགས་པའི་ཁྲོད་ཞུགས་ནས་འཐུས་མི་རྣམས་དང་མཉམ་དུ་སྲིད་གཞུང་བྱ་བའི་སྙན་ཞུར་གྲོས་ཞིབ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷ་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཚེས་ལྔ་ཉིན་གྱི་ཕྱི་དྲོར་ཁོང་ཡོད་སའི་ཅང་ཞིའི་འཐུས་ཚབ་ཚོགས་པའི་ཁྲོད་ཞུགས་ནས་འཐུས་མི་རྣམས་དང་མཉམ་དུ་སྲིད་གཞུང་བྱ་བའི་སྙན་ཞུར་གྲོས་ཞིབ་བྱས། ལིག་ཆི་དང་དབྱི་ལིན་ཧོང་། ལི་ཧོང་ལེང་སོགས་འཐུས་མིས་སྲིད་གཞུང་བྱ་བའི་སྙན་ཞུར་དམིགས་ནས་གྲོས་ཞིབ་བྱས་པར་མ་ཟད། ཅང་ཞི་ཞིང་ཆེན་གྱི་དོན་དངོས་དང་འབྲེལ་ནས་གཏམ་བཤད། ལི་ཀྲན་ཧྲུའུ་ཡིས་འཐུས་མི་རྣམས་ཀྱི་གཏམ་བཤད་ལ་ནན་ཏན་གྱིས་ཉན་པ་དང་དུས་ངེས་མེད་དུ་ཚང་མ་དང་མཉམ་དུ་བརྗེ་རེས་གྲོས་བསྡུར་བྱས། ལི་ཀྲན་ཧྲུའུ་ཡིས་བསྟན་དོན། འདས་པའི་ལོ་གཅིག་གི་རིང་ལ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱེད་པ་དང་། དཀའ་སྤྱད་འབད་བརྩོན་དང་དཀའ་ཁག་མཁྲེགས་གཏོར་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་ལག་བསྟར་དངོས་འབེབ་བྱེད་པར་འགོ་བཟང་བོ་ཞིག་བརྩམས་པ་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་ཐད་ནས་འཕེལ་རྒྱས་ཀྱི་གྲུབ་འབྲས་གལ་ཆེན་བླངས། ཙུང་ལི་ལི་ཁི་ཆང་གིས་ཕུལ་བའི་སྲིད་གཞུང་བྱ་བའི་སྙན་ཞུ་ནི་ཏང་གིས་དཔལ་འབྱོར་བྱ་བར་འགོ་ཁྲིད་བྱེད་པའི་གཙོ་གནད་ལ་ཤུགས་སྣོན་བྱེད་པར་དམ་དུ་དམིགས་ཡོད་པས། དེ་ནི་དར་ཆ་མཐོན་པོར་བསྒྲེངས་པ་དང་བཅོས་བསྒྱུར་གསར་སྐྲུན་བྱེད་པ། མཐུན་སྒྲིལ་འབད་འཐབ་བྱེད་པའི་སྙན་ཞུ་བཟང་བོ་ཞིག་ཡིན་ཟེར།

ལི་ཀྲན་ཧྲུའུ་ཡིས་བསྟན་དོན། འདས་པའི་ལོ་གཅིག་རིང་གི་བྱ་བར་སྤྱི་བསྡོམས་ཤིག་བྱས་ན་ཆེས་གལ་ཆེ་བའི་གཞི་རྩ་ནི་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པའི་གོ་གནས་ལ་བློ་བརྟན་འགྱུར་མེད་ཀྱིས་སྲུང་སྐྱོང་བྱེད་པ། ཏང་ཀྲུང་དབྱང་གི་དབང་ཟིལ་དང་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་ལ་བློ་རྩ་བརྟན་པོས་སྲུང་སྐྱོང་བྱས་པ་རེད། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་མཛུབ་སྟོན་ལ་བརྟེན་ནས་ཀྲུང་གོའི་གྲུ་གཟིངས་ཆེན་པོ་འདི་དྲག་ཏུ་འཕྱོ་བའི་རྦ་རླབས་ཀྱི་ཁྲོད་ནས་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་བགྲོད་ལམ་དུ་མདུན་བསྐྱོད་བྱེད་པར་ཁག་ཐེག་དང་། ཏང་ཡོངས་དང་རྒྱལ་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་སྲུང་སྐྱོང་གཉིས་བཟང་བོར་བསྒྲུབ་པ་ལ་བརྟེན་ནས་འགྲན་རྩོད་ལ་དེང་ལེན་དང་དཀའ་ཁག་ལས་རྣམ་པར་རྒྱལ་ཏེ་རྣམ་པ་གསར་བ་གསར་སྐྲུན་བྱེད་པའི་སྟོབས་ཤུགས་ཆེན་པོ་གྲུབ་པར་བྱས་ཟེར།

ལི་ཀྲན་ཧྲུའུ་ཡིས་ཅང་ཞི་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཅང་ཞི་བྱ་བར་བཏོན་པའི་མཛུབ་སྟོན་གྱི་རེ་བ་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ལ་གཏིང་ཟབ་པའི་སྒོ་ནས་སློབ་སྦྱོང་ལག་བསྟར་བྱེད་པ་དང་། འདུ་ཤེས་བཞི་ཇེ་བརྟན་དུ་གཏོང་བ། རང་རྟོན་བཞི་ངེས་པ་དོན་གྱིས་ཇེ་དྲག་ཏུ་གཏོང་བ། སྲུང་སྐྱོང་གཉིས་བཟང་བོར་བསྒྲུབ་པ་བཅས་བྱས་ཏེ། ཐེངས་འདིའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་བྱ་བའི་ཁྲོད་དུ་ལག་བསྟར་དངོས་འབེབ་བྱས་ནས་དཔལ་འབྱོར་རྒྱུན་མཐུད་གཏན་འཇགས་ངང་འཕེལ་རྒྱས་དང་སྤྱི་ཚོགས་ཀྱི་ཆེ་ཕྱོགས་གཏན་འཇགས་རྒྱུན་འཁྱོངས་བྱེད་དགོས། གཅིག་ནས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་རྒྱུ་དེ་ཅང་ཞི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྟོབས་ཤུགས་གཙོ་བོ་དང་ཅང་ཞིའི་བཅོས་བསྒྱུར་འཕེལ་རྒྱས་ཀྱི་སྒུལ་གཙོ་བོ་བྱེད་དགོས། གཉིས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པར་ཤུགས་སྣོན་པ་དང་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་ནས། སྐྱེ་ཁམས་ཀྱི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱེད་དགོས། གསུམ་ནས་དབུལ་ཐར་མཁྲེགས་གཏོར་གྱི་འཐབ་འཛིང་ལ་རྒྱལ་ཁ་བླངས་ནས་སྡོད་ཁུལ་རྙིང་བའི་མི་དམངས་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་པར་ཁག་ཐེག་བྱེད་དགོས།  བཞི་ནས་ཅིན་ཀང་རི་བོའི་སྙིང་སྟོབས་དར་སྤེལ་དུ་བཏང་ནས་ལས་བྱེད་མང་ཚོགས་ཀྱིས་ལས་གཉེར་གསར་སྐྲུན་བྱེད་པའི་སྤྲོ་སེམས་ལ་སྐུལ་འདེད་བཏང་སྟེ། ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱིས་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་འཁོར་བར་རྟེན་འབྲེལ་ཞུ་དགོས། ལྔ་ནས་རང་རྟོགས་ཀྱིས་ཏང་གི་འགོ་ཁྲིད་དམངས་ཆེན་བྱ་བའི་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ཏེ། ཏང་ཀྲུང་དབྱང་དང་ཞིང་ཆེན་ཡོངས་ཀྱི་བྱ་བའི་ཆེ་ཕྱོགས་ཀྱི་འགན་ནུས་ལག་བསྟར་བྱས་ནས་དམངས་ཆེན་བྱ་བའི་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་ལ་ཁག་ཐེག་བྱེད་དགོས་པའི་རེ་བ་བཏོན། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།