ཀྲུང་གོ་བོད་ཀྱི་དྲ་བ།

ཀྲའོ་ལི་ཅི་ཡིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་གུང་གཞོན་ཚོགས་པ་དང་སྤྱིའི་བཟོ་ཚོགས། བུད་མེད་མཉམ་འབྲེལ་ལྷན་ཚོགས། ན་གཞོན་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱི་ཨུ་ཡོན་རྣམས་ལ་འཚམས་འདྲི་བྱས་པ་མ་ཟད་གྲོས་བསྡུར་ནང་ཞུགས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-03-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

untitled.png

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས4ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲའོ་ལི་ཅི་ཡིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་གུང་གཞོན་ཚོགས་པ་དང་སྤྱིའི་བཟོ་ཚོགས། བུད་མེད་མཉམ་འབྲེལ་ལྷན་ཚོགས། ན་གཞོན་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱི་ཨུ་ཡོན་རྣམས་ལ་འཚམས་འདྲི་བྱས་པ་མ་ཟད་གྲོས་བསྡུར་ནང་ཞུགས།

ཀྲའོ་ལི་ཅི་ཡིས་ཨུ་ཡོན་རྣམས་ཀྱི་གཏམ་བཤད་ལ་ཉན་རྗེས་བཤད་རྒྱུར། འདས་པའི་ལོ་གཅིག་ནང་། སྐབས་གསར་བའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་མཐའ་གཅིག་ཏུ་ལག་ལེན་མཐར་ཕྱིན་བྱས་པ་དང་། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་ཆེན་པོ་གཉིས་རྒྱུན་འཁྱོངས་བྱས་ལ། བློ་འདོན་ཇུས་འབུལ་དང་ཐུན་མོང་གི་ལྟ་བ་གཅིག་ཏུ་བསྡུས་པའི་ཕྱོགས་སུ་ཤུགས་འདོན་པ་རྒྱུན་འཁྱོངས་བྱས་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ལས་འགན་གཙོ་བོར་དམ་དུ་དམིགས་ནས་འགན་བསྒྲུབ་བྱས་པ་དང་ནུས་པ་འདོན་སྤེལ་བྱས་པས། བྱ་བ་ཡོངས་ཀྱི་འགོ་བཟང་བོ་ཞིག་བརྩམས། ཨུ་ཡོན་ཚོས་ཞི་ཅིན་ཕེན་གྱི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དང་རྒྱུས་ལོན་བཟང་བོ་བྱེད་པ་དང་། ལས་རིགས་སོ་སོའི་མང་ཚོགས་ཀྱི་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཐད་ཀྱི་ཆབ་སྲིད་ཁས་ལེན་དང་བསམ་བློའི་ཁས་ལེན། གཞུང་ལུགས་ཁས་ལེན་ཇེ་དྲག་ཏུ་གཏོང་བར་སྣེ་ཁྲིད་བྱས་ནས། རང་རྟོགས་སྒོས་ཏང་དང་རྒྱལ་ཁབ་ཀྱི་གཏན་ཁེལ་བྱས་པའི་འཕེལ་རྒྱས་དམིགས་འབེན་དེ་རང་ཉིད་ཀྱི་འགུལ་སྐྱོད་དངོས་སུ་བསྒྱུར་ཏེ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་ལས་འགན་གཙོ་བོར་དམིགས་ནས་བློ་འདོན་ཇུས་འབུལ་བྱེད་པ་དང་། ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བྱེད་ཕྱོགས་དྲིལ་སྒྲོག་བྱས་ཏེ། ཏང་དང་སྲིད་གཞུང་གིས་འབྲེལ་བར་མཐུན་སྦྱོར་བྱེད་པ་དང་འགལ་བ་ཐག་གཅོད་པ། ཡིད་ཆེས་ཇེ་དྲག་ཏུ་གཏོང་བའི་བྱ་བ་བཟང་བོ་བསྒྲུབ་པར་གཞོགས་འདེགས་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།