ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང་གིས་ཕྱོགས7གྱི་ཐད་ནས་མི་དམངས་སྲིད་གྲོས་ཀྱི་ལོ་གཅིག་རིང་གི་ལས་དོན་ཕྱོགས་སྡོམ་གནང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-03-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས3ཉིན་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པའི་འགོ་ཚུགས་ཚོགས་འདུའི་ཐོག་སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་ཐོག་ལས་དོན་སྙན་སྒྲོན་གནང་སྐབས། ཕྱོགས7གྱི་ཐད་ནས་མི་དམངས་སྲིད་གྲོས་ཀྱི་ལོ་གཅིག་རིང་གི་ལས་དོན་ལ་ཕྱོགས་སྡོམ་གནང་བ་རེད།

གཅིག རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་པར་གསར་གཏོད་དང་ཤུགས་སྣོན་བརྒྱབ་སྟེ་ཐུན་མོང་གི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་བརྟན་དུ་བཏང་བ། 

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་སྒྲིག་འཛུགས་ནན་ཏན་བྱས་ནས་སློབ་སྦྱོང་ལག་བསྟར་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མར་ཁེ་སི་འཁྲུངས་ནས་ལོ200འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་དང་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སོགས་ཚོགས་འདུ་གལ་ཆེན་ཐོག་གནང་བའི་གསུང་བཤད་སློབ་སྦྱོང་བྱས་པ། གསར་དུ་བཟོ་བཅོས་བརྒྱབ་པའི་རྩ་ཁྲིམས་དང་སྲིད་གྲོས་ཀྱི་སྒྲིག་ཡིག་སློབ་སྦྱོང་བྱས་ནས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་བྱེད་པའི་བསམ་བློའི་རྨང་གཞི་བརྟན་དུ་བཏང་ཡོད།

གཉིས། ཆེད་དོན་གྲོས་མོལ་སྒྲིག་གཞིའི་ཁྱད་ཆོས་འབུར་དུ་ཐོན་པར་བྱས་ཏེ་ཕྱོགས་གཉིས་ལ་ནུས་ཤུགས་འདོན་པའི་ལེགས་ཆའི་ནུས་པ་མངོན་པ། 

དམངས་གཙོ་དར་སྤེལ་དང་མཐུན་སྒྲིལ་གོང་སྤེལ་ཕན་ཚུན་སྦྲེལ་མཐུད་མཐའ་འཁྱོངས་དང་། གྲོས་འདོན་སྲིད་སྐྱོང་དང་ཐུན་མོང་ངོས་འཛིན་གཅིག་སྒྲིལ་ཕྱོགས་གཉིས་ནས་ཤུགས་རྒྱག་པ་མཐའ་འཁྱོངས་བྱས་ཏེ་ཆེད་མངགས་གྲོས་མོལ་སྒྲིག་གཞིའི་ནུས་པ་འདོན་སྤེལ་བྱས་ཡོད།

གསུམ། ལས་འགན་གཙོ་བོར་དམིགས་པ་དང་འགག་སྒྲོལ་དམག་འཐབ་ཆེ་མོ་གསུམ་ཡག་པོ་རྒྱག་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམ་པོར་དམིགས་ཏེ་གྲོས་མོལ་སྲིད་གླེང་བྱས་པ། 

གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་ལ་དམིགས་ཏེ་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་སྒྲོལ་གནད་དོན་ཐག་གཅོད་བྱེད་པའི་ཆེད་དོན་སྲིད་གླེང་རང་བཞིན་གྱི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས་པ་དང་། སྦགས་བཙོག་འགོག་བཅོས་བྱེད་རིང་ལྷག་པའི་གནད་དོན་དང་གྲོས་འགོའི་ཆེད་དོན་སྲིད་གླེང་རང་བཞིན་གྱི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས་པ། སྲིད་གཞུང་གི་སྡེ་ཚན་དང་། དངུལ་རྩའི་སྒྲིག་གཞི། ཁེ་ལས་སོགས་དང་བཞུགས་མོལ་གཏིང་ཟབ་བྱས་པ་དང་བརྒྱུད་རིམ་ལྡན་པའི་རང་བཞིན་གྱི་དངུལ་རྩའི་ཉེན་ཁ་འགོག་ཟོན་མ་ལག་འཐུས་སྒོ་ཚང་དུ་གཏོང་བའི་ཆེད་དོན་གྲོས་མོལ་ཚོགས་འདུ་འཚོགས་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ཟབ་ཏུ་གཏོང་བར་དམིགས་ཏེ་དངོས་ཚན་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་མཁོ་སྤྲོད་ཕྱོགས་ཀྱི་མ་ལག་གི་སྤུས་ཚད་མཐོ་རུ་གཏོང་བའི་ཆེད་དོན་གྲོས་མོལ་ཚོགས་འདུ་འཚོགས་ཡོད།

བཞི། དམངས་ལ་འགན་ནུས་སྒྲུབ་པ་མཐའ་འཁྱོངས་བྱས་ཏེ་དམངས་འཚོ་ལེགས་བཅོས་དང་སྤྱི་ཚོགས་འཕེལ་རྒྱས་ལ་རམ་འདེགས་བྱས་པ། 

སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོའི་འགྱུར་ལྡོག་དང་འཚམ་པར་བྱས་ཏེ་མི་དམངས་ཀྱི་ཉིན་རེ་ལས་མ་འདས་པར་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་བར་དམིགས་ནས་གྲོས་མོལ་སྲིད་གླེང་དང་དམངས་གཙོའི་ལྟ་སྐུལ་བྱས་ཡོད།

ལྔ། མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོ་མཐའ་འཁྱོངས་བྱས་ཏེ་རྒྱ་ཁྱབ་ངང་ནུས་སེམས་གཅིག་སྒྲིལ་བྱས་པ། 

ཏང་ཤོག་ཁག་སྲིད་གྲོས་ལས་དོན་ལ་ཞུགས་པའི་ཐུན་མོང་རང་བཞིན་གྱི་ལས་དོན་སྤེལ་ཚུལ་སྤེལ་རེས་ལམ་སྲོལ་བཙུགས་ནས་སྲིད་གྲོས་ཆེད་བཙུགས་ཨུ་ལྷན་གྱིས་དམངས་གཙོ་ཏང་ཤོག་ཀྲུང་དབྱང་དང་མཉམ་དུ་གྲོས་མོལ་སྲིད་གླེང་གི་བྱེད་སྒོ་གཉེར་འགན་ཁུར་བ་དང་མཉམ་འབྲེལ་བརྟག་ཞིབ་བྱས་ཡོད།

དྲུག ཕྱི་ཕྱོགས་སུ་མཛའ་གྲོགས་སྤེལ་རེས་ཧུར་ཐག་བྱས་ཏེ་ཕྱི་ཕྱོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་ཧུར་ཐག་བཏོད་པ། 

རྒྱལ་ཁབ་ཕྱི་འབྲེལ་ལས་དོན་གྱི་སྤྱིའི་བཀོད་སྒྲིག་གཞིར་བཟུང་དམ་པ་དོན་གཉེར་ངང་མཐོ་རིམ་དབར་སྤེལ་རེས་བྱས་ནས་ཕྱི་རྒྱལ་གྱི་འབྲེལ་ཡོད་སྒྲིག་གཞི་དང་། ཆབ་སྲིད་རྩ་འཛུགས། སྨྱན་སྦྱོར་ཇུས་འདོན་ཚོགས་པ། ལས་རིགས་ཁག་གི་མི་སྣ་བཅས་དང་སྤེལ་རེས་ཟབ་ཏུ་བཏང་ཡོད།

བདུན། སྒྱུར་བཅོས་གསར་གཏོད་ཀྱི་སྙིང་སྟོབས་བཅངས་ནས་མི་དམངས་སྲིད་གྲོས་ཀྱི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་པ།

 ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་སྒྱུར་བཅོས་ཟབ་གཏོང་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱས་ཏེ་ཆེད་བཙུགས་ཨུ་ལྷན་གྱི་བཀོད་སྒྲིག་ལེགས་བཅོས་དང་ཞིང་ལས་དང་གྲོང་གསེབ་ཨུ་ལྷན་གསར་འཛུགས་བྱས་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།