ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་ནས་ལའེ་ཧྥུན་ལ་སློབ་སྦྱོང་བྱེད་པའི་དང་བླངས་ཞབས་ཕྱིའི་བྱ་བ་དང་ལས་གནས་སུ་ལའེ་ཧྥུན་ལ་སློབ་སྦྱོང་བྱེད་པའི་བྱ་འགུལ་སྤེལ་བའི་ཚོགས་འདུ་པེ་ཅིན་ནས་ཚོགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-03-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་གཉིས་པའི་ཚེས་ཉེར་བརྒྱད་ཉིན། རྒྱལ་ཡོངས་ནས་ལའེ་ཧྥུན་ལ་སློབ་སྦྱོང་བྱེད་པའི་དང་བླངས་ཞབས་ཕྱིའི་བྱ་བ་དང་ལས་གནས་སུ་ལའེ་ཧྥུན་ལ་སློབ་སྦྱོང་བྱེད་པའི་བྱ་འགུལ་སྤེལ་བའི་ཚོགས་འདུ་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཧོང་ཁུན་མེན་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད། ཁོས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལའེ་ཧྥུན་ལ་སློབ་སྦྱོང་བྱེད་པའི་དང་བླངས་ཞབས་ཕྱིའི་བྱ་བའི་སྐོར་གྱི་མཛུབ་སྟོན་དགོངས་དོན་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་ལེན་བྱེད་པར་དམིགས་ཏེ། ཤུགས་ཆེན་པོས་ལའེ་ཧྥུན་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བྱེད་པ་དང་ལའེ་ཧྥུན་ལ་སློབ་སྦྱོང་བྱེད་པའི་དང་བླངས་ཞབས་ཕྱི་དེ་སྤྱི་ཚོགས་ཡོངས་སུ་དར་ཁྱབ་ཏུ་འགྲོ་བར་སྐུལ་འདེད་གཏོང་བ་དང་ལས་བྱེད་པ་དང་མང་ཚོགས་ལ་སྣེ་ཁྲིད་བྱས་ཏེ་མཛེས་པའི་འཚོ་བ་གསར་སྐྲུན་བྱེད་པ་དང་རླབས་ཆེན་ཕུགས་འདུན་མངོན་འགྱུར་བྱེད་པར་སྟོབས་ཤུགས་གང་ཡོད་འདོན་དགོས་ཟེར།

ཧོང་ཁུན་མེན་གྱིས་བསྟན་དོན། ལམ་ལུགས་ཅན་དང་རྒྱུན་རྣམ་ཅན་ནི་ལའེ་ཧྥུན་ལ་སློབ་སྦྱོང་བྱེད་པའི་དང་བླངས་ཞབས་ཕྱི་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བའི་གནད་འགག་ཡིན། ཧུར་ཐག་སྒོས་དང་བླངས་ཞབས་ཕྱིའི་རྩ་འཛུགས་དང་དཔུང་སྡེ་གསོ་སྐྱོང་བྱེད་པ་དང་དང་བླངས་ཞབས་ཕྱིའི་ལས་གཞི་ལག་བསྟར་བྱེད་པར་ཤུགས་སྣོན་ཞིང་དང་བླངས་ཞབས་ཕྱིའི་སྙིང་སྟོབས་དང་དང་བླངས་རིག་གནས་དར་སྤེལ་བྱེད་པ་དང་། དང་བླངས་ཞབས་ཕྱིའི་འགན་སྲུང་རྐྱེན་སྲོལ་ཆ་ཚང་དུ་བཏང་ནས་སྤྱི་ཚོགས་ཡོངས་དེའི་ཁྲོད་དུ་ཞུགས་པ་དང་ཕྱོགས་སོ་སོས་མཉམ་དུ་རྒྱབ་སྐྱོར་བྱེད་པའི་གསོན་ཉམས་རྣམ་པ་ཆགས་པར་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།