ཀྲུང་གོ་བོད་ཀྱི་དྲ་བ།

ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་སྒྱུར་བཅོས་འཆར་འགོད་བཀྲམ་ནས་སྒྱུར་བཅོས་ཀྱི་ལས་འགན་ཁག46གཏན་འཁེལ་བྱས་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2019-02-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉིན་ཤས་གོང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས《2018ལོ་ནས2022ལོའི་བར་གྱི་ཞིབ་དཔྱོད་སྒྱུར་བཅོས་ལས་དོན་གྱི་འཆར་འགོད》བཀྲམ་ནས་ཕྱོགས6ཐད་ཀྱི་སྒྱུར་བཅོས་ལས་འགན་ཁག46གཏན་འཁེལ་བྱས་པ་དང་སྦྲགས། ཞིབ་དཔྱོད་ལས་ཁུངས་ཀྱིས་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་པའི་ལམ་ལུགས་དང་ཞིབ་དཔྱོད་ལས་ཁུངས་ཀྱི་བཅའ་ཁྲིམས་ལྟ་སྐུལ་སོགས་ཀྱི་མ་ལག་ཆེན་པོ་དྲུག་འཐུས་སྒོ་ཚང་དུ་བཏང་བ་བརྒྱུད། ཞིབ་དཔྱོད་ཀྱི་འགན་ནུས་ཕྱོགས་ཡོངས་ལ་ཁྱབ་པ་དང་ལག་བསྟར་གང་ལེགས་བྱེད་པར་སྐུལ་འདེད་བཏང་ནས་མི་དམངས་མང་ཚོགས་ལ་དེ་བས་ཕུན་སུམ་ཚོགས་པ་དང་དེ་བས་སྤུས་ལེགས་ཀྱི་ཁྲིམས་སྐྱོང་ཐོན་རྫས་དང་ཞིབ་དཔྱོད་ཐོན་རྫས་མཁོ་འདོན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

     ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅའ་ཁྲིམས་སྲིད་ཇུས་ཞིབ་འཇུག་ཁང་གི་འགན་ཁུར་བས《སྒྱུར་བཅོས་འཆར་འགོད》ཀྱིས་ཞིབ་དཔྱོད་ཀྱི་ལས་དོན་ལ་གནས་པའི་གནད་དོན་ཆེན་པོ་གཉིས་ལ་གཙོ་བོར་དམིགས་པ་སྟེ། ཁྲིམས་འཛིན་སྒྲིག་གཞི་སྒྱུར་བཅོས་ཀྱི་ལེ་ལག་ཚང་བའི་ལམ་ལུགས་ད་དུང་མི་ཚང་བའམ་གནད་སྨིན་འཐུས་ཚང་མེད་པ་དང་། ཞིབ་དཔྱོད་ལས་དོན་སྤྱིའི་ཆ་ནས་དུས་བབ་གསར་པ་དང་། ལས་འགན་གསར་པ། དགོས་མཁོ་གསར་པར་མི་འཚམ་པ་སོགས་རེད། 《སྒྱུར་བཅོས་འཆར་འགོད》ནང་གྱོད་དོན་ཞིབ་གཅོད་རྩ་འཛུགས་དང་གྱོད་དོན་ཞིབ་གཅོད་ཚོགས་པ་ཚན་རིག་དང་མཐུན་པའི་ངང་བཀོད་སྒྲིག་བྱེད་པ་དང་། འགོ་ཁྲིད་ཀྱི་ལས་གནས་འཁུར་བའི་ཞིབ་དཔྱོད་དཔོན་གྱི་གྱོད་དོན་ཞིབ་དཔྱོད་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། ཞིབ་དཔྱོད་དཔོན་གྱི་གྱོད་དོན་ཞིབ་གཅོད་དབང་ཚད་ཚད་ལྡན་དུ་གཏོང་བ། ཞིབ་དཔྱོད་དཔོན་གྱི་གྱོད་གཞི་སྒྲུབ་འགན་འཁུར་བའི་གཏན་འཁེལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཞིབ་དཔྱོད་དཔོན་གྱི་ལས་རྗེས་གདེང་འཇོག་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། གྱོད་གཞིའི་དོ་དམ་དང་ལྟ་སྐུལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཁྲིམས་འཛིན་གྱི་འགན་འཁྲི་གཏན་འཁེལ་དང་རྩད་གཅོད་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཞིབ་དཔྱོད་ཀྱི་ལས་དོན་ཡོངས་བསྒྲགས་ཟབ་ཏུ་གཏོང་བ་སོགས་ཀྱི་ལམ་ལུགས་ཁག8གཏན་འབེབས་བྱས་ཏེ་ཕྱོགས་གཅིག་ནས་ཞིབ་དཔྱོད་དཔོན་གྱི་གྱོད་དོན་ཞིབ་གཅོད་ལས་འགན་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། ཁྲིམས་འཛིན་གྱོད་དོན་ཞིབ་གཅོད་བྱེད་རིང་ཞིབ་དཔྱོད་དཔོན་གྱི་བྱེད་པོའི་གནས་བབ་མངོན་གསལ་དོད་དུ་བཏང་ནས“སུས་གྱོད་དོན་ཞིབ་གཅོད་བྱས་ན་དེས་འགན་འཁུར་བ་དང་། སུས་གཏན་འཁེལ་བྱས་ན་དེས་འགན་འཁུར་བའི་བྱ་ཐབས”དངོས་འབྲེལ་དོན་འཁྱོལ་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་གྱོད་གཞིའི་དོ་དམ་ལས་སྟེགས་གང་ལེགས་སྤྱད་དེ་ཁོངས་མི་ཡོངས་དང་བརྒྱུད་རིམ་ཡོངས་ཀྱི་གྱོད་གཞིའི་སྤུས་ཚད་དང་ལས་ཆོད་ལ་ལྟ་འདོམས་བྱེད་པ་དང་། ཁྲིམས་འཛིན་གྱི་སྤུས་ཚད་དང་ཆུ་ཚད་སྤྱི་ཡོངས་ནས་མཐོ་རུ་འགྲོ་བར་སྐུལ་འདེད་བཏང་སྟེ“དབང་ཆ་གཤམ་སྤྲོད་བྱེད་པ་ལས་རྒྱ་ཡན་ལང་ཤོར་དུ་མི་གཏོང་བ་དང་། དབང་ཆ་སྤྱོད་པར་ལྟ་སྐུལ་དང་ལེན་བྱེད་པའི་བྱ་ཐབས”དངོས་འབྲེལ་ཐུབ་པར་བྱས་ནས་ཞིབ་དཔྱོད་དབང་ཆ་ཁྲིམས་ལྟར་སྤྱོད་པའི་འགན་ལེན་བྱེད་དགོས་ཞེས་བརྗོད།
     《སྒྱུར་བཅོས་འཆར་འགོད》ནང་ཞིབ་དཔྱོད་ལས་ཁུངས་ཀྱི་བཅའ་ཁྲིམས་ལྟ་སྐུལ་ལས་དོན་ཕྱོགས་ཡོངས་དང་། མཐུན་སྦྱོར། གང་ལེགས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་བའི་ཐད་སྐུལ་འདེད་གཏོང་དགོས་ཤིང་། ཉེས་དོན་ཞིབ་དཔྱོད་ཐད་ཉེས་དོན་གྱོད་དོན་ཐོ་འགོད་དང་མྱུལ་ཞིབ་བྱེད་སྒོའི་བཅའ་ཁྲིམས་ལྟ་སྐུལ་ལམ་སྲོལ་དང་། ཞིབ་བཤེར་དང་འཛིན་པའི་ལམ་སྲོལ། དཔང་རྟགས་ལྟེ་བར་བྱས་པའི་ཉེས་དོན་ཉེས་གསོག་གི་ཉེས་བགྲང་ཞུ་གཏུག་མ་ལག རིམ་པ་མང་བའི་ཞུ་གཏུག་མ་ལག་དང་འཚམ་པའི་གཞུང་གཏུག་བྱ་ཐབས། ཉེས་དོན་ལག་བསྟར་ཐད་ཀྱི་ཞིབ་དཔྱོད་ལས་ཀའི་ལམ་སྲོལ། ཁྲིམས་འཛིན་མི་སྣས་འགན་དབང་སྤྱད་དེ་ཉེས་གསོག་རིགས་ལ་མྱུལ་ཞིབ་ཀྱི་ལམ་སྲོལ་སོགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས་པ། དམངས་དོན་དང་སྲིད་འཛིན་ཞིབ་དཔྱོད་ཐད“གནད་སྨིན་ཅན”ཕྱོགས་སྟོན་དུ་བྱས་པའི་དམངས་དོན་དང་སྲིད་འཛིན་ཞུ་གཏུག་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས་པ། སྤྱི་ཕན་ཞུ་གཏུག་ཞིབ་དཔྱོད་ཐད་གཙོ་བོ་སྤྱི་ཕན་ཞུ་གཏུག་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་ཞུ་གཏུག་གོང་གི་གོ་རིམ་གྱི་ནུས་པར་དེ་བས་མཐོང་ཆེན་བྱས་ནས་ཞུ་གཏུག་གོང་གི་སྤེལ་རེས་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས་པའི་ནན་བཤད་བྱས་ཡོད་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།