ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་དངུལ་རྩས་དམངས་གཉེར་ཁེ་ལས་ལ་ཞབས་འདེགས་ཞུ་བར་ཤུགས་སྣོན་པའི་བསམ་འཆར་རབ་དང་རིམ་པ་དཔར་ནས་བཀྲམ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-02-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་ཉེ་སྔོན་དངུལ་རྩས་དམངས་གཉེར་ཁེ་ལས་ལ་ཞབས་འདེགས་ཞུ་བར་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར་རབ་དང་རིམ་པ་དཔར་ནས་བཀྲམ།

བསམ་འཆར་ལས་བསྟན་དོན། དམངས་གཉེར་དཔལ་འབྱོར་ནི་སྤྱི་ཚོགས་རིང་ལུགས་ཁྲོམ་རའི་དཔལ་འབྱོར་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། འཕར་སྣོན་གཏན་འཇགས་སུ་གཏོང་བ་དང་། གསར་གཏོད་ལ་ཡར་སྐུལ་བྱེད་པ། ལས་ཞུགས་ཇེ་མང་དུ་གཏོང་བ། དམངས་ཚིས་ལེགས་བཅོས་བྱེད་པ་སོགས་ཕྱོགས་ནས་གཞན་གྱིས་ཚབ་བྱེད་མི་ཐུབ་པའི་ནུས་པ་འདོན་བཞིན་ཡོད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དུས་རྟག་ཏུ་དངུལ་རྩས་དམངས་གཉེར་ཁེ་ལས་ལ་ཞབས་འདེགས་ཞུ་བའི་བྱ་བར་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོ། ད་དུང་དངུལ་རྩའི་ལས་ཁུངས་སོ་སོས་དངོས་འབེབས་ནན་མོ་བྱེད་པ་དང་བྱེད་ཐབས་གཏན་ཁེལ་བྱས་ཏེ། དམངས་གཉེར་ཁེ་ལས་ཀྱི་དངུལ་བསྡུའི་ཐད་རྒྱབ་སྐྱོར་གང་ལེགས་བྱས་ནས། ཕན་འབྲས་ངེས་ཅན་བླངས་ཡོད་མོད། ཡིན་ནའང་དམངས་གཉེར་ཁེ་ལས་ཁ་ཤས་ཀྱིས་མ་དངུལ་བསྡུ་དཀའ་བ་དང་མ་དངུལ་བསྡུ་བའི་རིན་གོང་དཀའ་བའི་གནད་དོན་ད་དུང་སྔར་བཞིན་འབུར་དུ་ཐོན་ཡོད།

བསམ་འཆར་ལས་ནན་གྱིས་བསྟན་དོན། དངུལ་རྩའི་སྲིད་ཇུས་ཀྱིས་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་ནས། དམངས་གཉེར་ཁེ་ལས་ལ་དངུལ་རྩས་ཞབས་འདེགས་ཞུ་བའི་ཁ་གཏད་རང་བཞིན་དང་ཕན་འབྲས་རང་བཞིན་ཧུར་ཐག་གིས་མཐོར་འདེགས་སུ་གཏོང་དགོས། དངུལ་རྩས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ཐད་ཞབས་འདེགས་ཞུ་བར་ཤུགས་བསྣན་ནས། དམངས་གཉེར་ཁེ་ལས་ཀྱི་ཆ་འཕྲིན་དོ་མི་མཉམ་པ་དང་ཆ་འཕྲིན་ཕུན་སུམ་མི་ཚོགས་པ་སོགས་ཀྱི་གནད་དོན་ཧུར་ཐག་གིས་ཐག་གཅོད་དགོས། གྲུབ་འབྲས་དཔྱད་ཞིབ་དང་སྐུལ་སློང་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། དམངས་གཉེར་ཁེ་ལས་ཀྱི་དངུལ་བསྡུའི་དཀའ་ཁག་སེལ་དགོས། དམངས་གཉེར་ཁེ་ལས་ཀྱི་དངུལ་བསྡུའི་བར་ཆད་སེལ་ནས། འཁོར་སྐྱོད་རང་བཞི་གྱི་ཉེན་ཁ་ཧུར་ཐག་གིས་སེལ་དགོས་པར་མ་ཟད་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་དངོས་སུ་སྲུང་སྐྱོབ་བྱེད་དགོས།

ཕྱོགས་བསྡུས་ཇུས་བསྟར་བརྒྱུད་ནས། རིགས་སོ་སོའི་དབང་བའི་ལམ་ལུགས་ཀྱི་ཁེ་ལས་ལ་དངུལ་བསྡུའི་ཕྱོགས་ནས་འདྲ་མཉམ་གྱི་ཐོབ་ཐང་ཡོད་པར་བྱས་ཏེ། དམངས་གཉེར་ཁེ་ལས་ཀྱི་དངུལ་རྩའི་ཞབས་ཞུ་དངོས་སུ་ལེགས་བཅོས་ཡོང་བར་ཁག་ཐེག་བྱེད་པ་དང་། དངུལ་བསྡུའི་གཞི་ཁྱོན་བརྟན་བརླིང་གིས་རྒྱ་བསྐྱེད་པ། དངུལ་བསྡུའི་ཕན་འབྲས་མངོན་གསལ་གྱིས་མཐོར་འདེགས་བྱེད་པ། དངུལ་བསྡུའི་མ་རྩ་རིམ་བཞིན་ཇེ་དམའ་རུ་གཏོང་བ་དང་ལུགས་མཐུན་གྱི་ཚད་དུ་སྲུང་འཛིན་བྱེད་པ། དམངས་གཉེར་ཁེ་ལས་དང་ལྷག་ར་དུ་ཁེ་ལས་ཆུང་བས་མ་དངུལ་བསྡུ་དཀའ་བ་དང་མ་དངུལ་བསྡུ་བའི་རིན་གོང་མཐོ་བའི་གནད་དོན་ནུས་ལྡན་སྒོས་ཐག་གཅོད་པ་བཅས་བྱས་ཏེ། དམངས་གཉེར་དཔལ་འབྱོར་གྱི་གསོན་ཤུགས་དང་གསར་གཏོད་ནུས་ཤུགས་ལེགས་པར་འདོན་དགོས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།