ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་མཉམ་དུ་ཉིས་སྟོང་བཅུ་དགུ་ལོའི་ལུགས་རྙིང་ལོ་སར་རོལ་བའི་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་ལ་ཀུན་གྱི་དོ་སྣང་ཆེན་པོ་ཐོབ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-02-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཉམ་དུ་ཉིས་སྟོང་བཅུ་དགུ་ལོའི་ལུགས་རྙིང་ལོ་སར་རོལ་བའི་ཚོགས་འདུའི་སྟེང་གསུང་བཤད་གལ་ཆེན་གནང་སྟེ་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་དང་ཞང་ཀང་དང་ཨོ་མིན། ཐེ་ཝན་སྤུན་ཟླ། ཕྱི་སྡོད་རང་མི་བཅས་ལ་ལོ་སར་གྱི་བཀྲ་ཤིས་བདེ་ལེགས་ཞུས། ཚང་མས་བལྟས་ན། གསུང་བཤད་ཀྱིས་མི་སེམས་ལ་དྲོད་ཁོལ་བསྐྱལ་ཞིང་བརྩོན་སེམས་སྔར་ལས་སྐུལ་བ་དང་ཕུགས་འདུན་སྙེག་པའི་མི་དུང་ཕྱུར་མང་པོས་ལོ་གསར་བའི་ནང་མུ་མཐུད་དུ་མདུན་སྐྱོད་བྱེད་པར་སྐུལ་མ་བཏང་བར་སྙམ།

ཉིས་སྟོང་བཅུ་དགུ་ལོར་ང་ཚོས་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་བདུན་ཅུ་ལོན་པར་བསུ་མ་བྱེད་དགོས་ལ། བགྲོད་ལམ་གསར་བ་དང་འགྲན་རྩོད་གསར་བའི་མདུན་དུ་སྤོབས་པ་ཆེན་པོས་མདུན་སྐྱོད་བྱེད་དགོས། ཚེས་བཞི་ཉིན་ནི་གནམ་གང་ཡིན་པ་དང་དཔྱིད་ཚུགས་པའི་ཉིན་ཡང་ཡིན། དཔྱིད་མགོ་ཚུགས་པའི་སྐབས་སུ་ཚང་མས་མ་འོངས་པར་རེ་འདུན་ཆེན་པོ་བཅངས་ཏེ། ལོ་གསར་བའི་ནང་བརྩོན་འགྲུས་ཀྱི་གྲུབ་འབྲས་མི་དམན་པ་ལེན་དགོས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།