ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཀྲུང་གོ་དང་དབྱིན་ཇིའི་ཉོ་ཚོང་བར་གྱི་དཀའ་ཁག་སེལ་བའི་འགུལ་སྐྱོད་སྤེལ་ནས་ལོ་རེ་ལྔ་ལོན་པར་དྲན་གསོ་ཞུ་བའི་བྱ་འགུལ་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-02-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ1པོའི་ཚེས31ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་དབྱིན་ཇིའི་སྡེ་ཚོགས་རོལ་རྩེད་པུའུ་ཞེ་བརྒྱད་ཀྱིས་བསྒྲུབས་པའི་ཀྲུང་གོ་དང་དབྱིན་ཇིའི་ཉོ་ཚོང་བར་གྱི་དཀའ་ཁག་སེལ་བའི་འགུལ་སྐྱོད་སྤེལ་ནས་ལོ་རེ་ལྔ་ལོན་པར་དྲན་གསོ་ཞུ་བའི་བྱ་འགུལ་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།

ལིས་ཁི་ཆང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་ནང་གསུངས་རྒྱུར། ལོ་དྲུག་ཅུ་ལྷག་གི་རིང་ལ། སྡེ་ཚོགས་རོལ་རྩེད་པུའུ་ཞེ་བརྒྱད་དང་བཅས་པའི་དབྱིན་ཇིའི་མཛའ་འབྲེལ་མི་སྣས་ཧུར་ཐག་སྒོས་ཀྲུང་གོ་དང་དབྱིན་ཇིའི་དཔལ་འབྱོར་ཉོ་ཚོང་འགྲོ་འོང་དང་མི་གཞུང་བརྗེ་རེས་ལ་སྐུལ་འདེད་བཏང་ཞིང་ཀྲུང་གོའི་བཅོས་སྒྱུར་སྒོ་འབྱེད་ཀྱི་འཕེལ་རིམ་ལ་རོགས་འདེགས་བྱས་པ་དང་། རྒྱལ་ཁབ་གཉིས་ཀྱི་གཉིས་ཕན་མཉམ་རྒྱལ་མཉམ་ལས་ལ་སྐུལ་འདེད་བཏང་། ཀྲུང་གོ་སྲིད་གཞུང་གིས་སྡེ་ཚོགས་རོལ་རྩེད་པུའུ་ཞེ་བརྒྱད་ཀྱིས་ཀྲུང་གོ་དང་དབྱིན་ཇིའི་མཛའ་འབྲེལ་ཇེ་ཟབ་ཏུ་གཏོང་བའི་ཐད་ལ་ནུས་ཤུགས་གང་ཡོད་བཏོན་པར་གཟེངས་བསྟོད་བྱེད་པ་དང་། ཁྱོད་ཚོས་མུ་མཐུད་དུ་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་མཛའ་བཤེས་ཇེ་ཟབ་ཏུ་འགྲོ་བར་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར།

ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་དབྱིན་ཇིའི་ལས་རིགས་སོ་སོའི་གྲོགས་པོ་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཕན་ཚུན་ལ་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་ཚུལ་འཛིན་པའི་རྨང་གཞིའི་སྟེང་རྒྱུན་མཐུད་སྒོས་ཕྱོགས་གཉིས་བར་གྱི་འབྲེལ་བ་དང་མཉམ་ལས་ལ་ཤུགས་སྣོན་ཞིང་། ཕྱོགས་མང་རིང་ལུགས་དང་རང་མོས་ཉོ་ཚོང་ལ་མཉམ་དུ་སྲུང་སྐྱོབ་བྱེད་པ་དང་། འཛམ་གླིང་ཡོངས་ཀྱིས་སྒོ་འབྱེད་བཟོད་སྒོམ་ཁྲོད་དུ་འཕེལ་རྒྱས་གསར་བ་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།