ཀྲུང་གོ་བོད་ཀྱི་དྲ་བ།

འབྲི་ཆུའི་ཟུར་གསུམ་ཁུལ་གཞི་གཅིག་ཅན་དུ་འཕེལ་རྒྱས་གཏོང་བའི་དཔེ་སྟོན་ཁུལ་བསྐྲུན་རྒྱུ་རེད།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-01-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྲང་ཧའེ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅོ་ལྔ་པའི་ཚོགས་འདུ་ཐེངས་གཉིས་པ་འཚོགས་ཤིང་། ཚོགས་འདུའི་ཐོག་ཧྲང་ཧའེ་གྲོང་ཁྱེར་གྱི་ཧྲི་ཀྲང་ཡིང་ཡུང་གིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གནང་སྐབས། “འབྲི་ཆུའི་ཟུར་གསུམ་ཁུལ་གཞི་གཅིག་ཅན་དུ་འཕེལ་རྒྱས་གཏོང་བའི་དཔེ་སྟོན་ཁུལ”བསྐྲུན་རྒྱུར་ནུས་ཤུགས་གཅིག་འགྲིལ་ཐོག་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་ཐོག་མར་བཏོན་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་ཧྲང་ཧའེ་ཡིས་འབྲི་ཆུའི་ཟུར་གསུམ་ཁུལ་ས་ཁོངས་གཞི་གཅིག་ཅན་དུ་འཕེལ་རྒྱས་གཏོང་བའི་རྒྱལ་ཁབ་ཀྱི་འཐབ་ཇུས་ནུས་ཤུགས་ཡོད་རྒུས་ལག་ལེན་བསྟར་ནས་འབྲི་ཆུའི་ཟུར་གསུམ་ཁུལ་གཞི་གཅིག་ཅན་དུ་འཕེལ་རྒྱས་གཏོང་བའི་འཆར་འགོད་ཀྱི་རྩ་གནད་དོན་འཁྱོལ་ནན་ཏན་བྱ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས་སྣེ་འདྲེན་སྣེ་ཁྲིད་ཀྱི་ནུས་པ་འདོན་རྒྱུ་དང་། འབྲི་ཆུའི་ཟུར་གསུམ་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་དང་། ཚན་རྩལ་གསར་གཏོད། ཐོན་ལས་མཐུན་སྦྱོར། སྣོད་བཅུད་ཁོར་ཡུག ཁྲོམ་རའི་མ་ལག་སོགས་ཀྱི་མཉམ་ལས་རྣམ་གྲངས་བསྐྲུན་རྒྱུར་མུ་མཐུད་སྐུལ་འདེད་བཏང་སྟེ་ས་ཁོངས་ཀྱི་རྒན་གསོའི་ཞབས་ཞུ་དང་། སྨན་བཅོས་འཕྲོད་བསྟེན། མི་ཤུགས་ཐོན་ཁུངས། སྤྱི་ཚོགས་འགན་ལེན་སོགས་སྤྱི་པའི་ཞབས་ཞུའི་མཉམ་ལས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། འབྲི་ཆུའི་དཔལ་འབྱོར་ཁུལ་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ནས་ཁྲུང་མིང་འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་སྔོ་ལྗང་འཕེལ་རྒྱས་གཏོང་བའི་དཔེ་སྟོན་ལ་སྐུལ་འདེད་ཧུར་ཐག་བཏང་ནས་འཛམ་གླིང་རིམ་པའི་སྣོད་བཅུད་གླིང་ཕྲན་བསྐྲུན་མགྱོགས་སུ་གཏོང་རྒྱུ་ཡིན་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།