ཀྲུང་གོ་བོད་ཀྱི་དྲ་བ།

པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་སྐུ་མྱ་ངན་ལས་འདས་ནས་ལོ་ངོ30འཁོར་བའི་རྗེས་དྲན་སྨོན་ལམ་པེ་ཅིང་དུ་འཚོགས་པ།

ཡོང་ཁུངས། : ཀྲུང་གོའི་བོད་ལྗོངས་དྲ་བ།     སྤེལ་དུས། : 2019-01-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

W020190128709717624376.jpg

པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གསེར་ཁྲིར་བཞུགས་གནང་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1ཚེས28ཉིན་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་སྐུ་མྱ་ངན་ལས་འདས་ནས་ལོ་ངོ་30འཁོར་བའི་རྗེས་དྲན་སྨོན་ལམ་པེ་ཅིང་དུ་འཚོགས། སྔ་དྲོའི་ཆུ་ཚོད་9པར་རྣམ་སྦྱིན་དགོན་དང་དགའ་ལྡན་བྱིན་ཆགས་གླིང་། དགོན་སེར་ནུབ་མ་བཅས་དགོན་སྡེ་ཁག་གིས་སོ་སོའི་ངོས་ནས་རྗེས་དྲན་སྨོན་ལམ་ལེགས་པར་སྤེལ། འདུས་སྡེ་ཡོངས་ཀྱིས་སྲོལ་རྒྱུན་གྱི་ཆོ་ག་ལྟར་སྨོན་ལམ་གསུངས་ཤིང་སྐྱབས་འཇུག་ཞུས་པ་རེད།

W020190128709717673934.jpg

མཆོད་ཁྲིའི་སྟེང་པཎ་ཆེན་སྐུ་ཕྲེང་བཅུ་པ་དང་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པའི་སྐུ་འདྲ་བཤམས་ཡོད་པ།

1989ལོའི་ཟླ1པོར་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གཞིས་རྩེའི་བཀྲ་ཤིས་ལྷུན་པོ་དགོན་དུ་པཎ་ཆེན་སྐུ་ཕྲེང་ལྔ་པ་ནས་དགུ་པའི་བར་གྱི་སྐུ་གདུང་བཀྲ་ཤིས་རྣམ་རྒྱལ་བསྐྱར་བཞེངས་ཀྱི་མཛད་ཆེན་ལ་གཙོ་སྐྱོང་གནང་བར་ཕེབས་པ་དང་། ཟླ1ཚེས28ཉིན་མཛད་རིམ་གྱིས་སྐུ་ངལ་བཞེས་དྲགས་པའི་དབང་གིས་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་བསྟན་ཅིང་། དེ་དུས་ཁོང་ཉིད་དགུང་གྲངས51བཞེས་ཡོད་པ་རེད།

W020190128709717721919.jpg

གླིང་གཙོ་གཞོན་མཐུ་སྟོབས་སེང་གེས་དཔེ་ཁྲིད་དགེ་རྒན་གྱི་འཐུས་མི་དང་སློབ་མའི་འཐུས་མི་སྣེ་ཁྲིད་དེ་སྒོ་གསུམ་གུས་པའི་སྒོ་ནས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པར་མཎྜལ་དང་སྐུ་གསུང་ཐུགས་རྟེན་འབུལ་བཞིན་པ།

པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་ནི་རླབས་ཆེན་གྱི་རྒྱལ་གཅེས་རིང་ལུགས་པ་དང་རྒྱལ་སྲིད་ལས་དོན་སྒྲུབ་མཁན་གྲགས་ཅན། ཀྲུང་གོ་གུང་ཁྲན་ཏང་གི་ལྷག་བསམ་ཟོལ་མེད་ཀྱི་གྲོགས་པོ། ཀྲུང་གོའི་བོད་བརྒྱུད་ནང་བསྟན་གྱི་བླ་ན་མེད་པའི་དབུ་ཁྲིད་བཅས་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།