ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཀྲན་ཧྲུའུ་ཡིས་ཀྲི་ལི་རྒྱལ་ཁབ་ཀྱི་དམངས་གྲོས་ཁང་གི་གྲོས་དཔོན་ཧྥེ་ཨར་ནན་ཏི་སི་དང་གྲོས་མོལ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

201901260950508SXT.jpg

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ཚེས་ཉེར་ལྔ་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲི་ལི་རྒྱལ་ཁབ་ཀྱི་དམངས་གྲོས་ཁང་གི་གྲོས་དཔོན་ཧྥེ་ཨར་ནན་ཏི་སི་དང་གྲོས་མོལ་མཛད།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ཚེས་ཉེར་ལྔ་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲི་ལི་རྒྱལ་ཁབ་ཀྱི་དམངས་གྲོས་ཁང་གི་གྲོས་དཔོན་ཧྥེ་ཨར་ནན་ཏི་སི་དང་གྲོས་མོལ་མཛད།

ལིས་ཀྲན་ཧྲུའུ་ཡིས་གསུངས་རྒྱུར། ན་ནིང་གི་ཟླ་བཅུ་གཅིག་པར། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཕེ་ནའེ་ལ་གཉིས་ཕ་ཕུ་ཡ་ཀུའེ་ནེ་ཡ་གསར་པ་ནས་མཇལ་འཛོམས་བྱུང་སྟེ་ཐུན་མོང་གི་ལྟ་བ་གལ་ཆེན་མང་པོ་གསར་དུ་བྱུང་། ཀྲུང་གོ་དང་ཀྲི་ལིའི་བར་འབྲེལ་བ་བཙུགས་ནས་དུས་རབས་ཕྱེད་ཀ་ཙམ་གྱི་རིང་ལ། མཛའ་བརྩེ་ཟབ་མོ་རྒྱུན་འཛིན་བྱས་པ་དང་མཛའ་མཐུན་གྱི་བགྲོད་ལམ་ཇེ་ཡངས་ནས་ཇེ་ཡངས་སུ་སོང་། ཕྱོགས་གཉིས་ཀྱིས་ཆབ་སྲིད་པ་རྒན་རབས་པས་ཀྲུང་གོ་དང་ཀྲི་ལི་གཉིས་ཀྱི་འབྲེལ་བ་གོང་འཕེལ་ཐད་བཞག་པའི་བྱས་རྗེས་བཟང་པོ་ནི་ནམ་ཡང་ཡིད་ལ་བརྟན་པོར་འཛིན་དགོས་པ་དང་། ཀྲུང་གོ་དང་ཀྲི་ལིའི་མཛའ་མཐུན་གྱི་ཉམས་མྱོང་རྩ་ཆེན་ནི་རྒྱུན་འཛིན་དར་སྤེལ་བྱེད་འོས། ཕྱོགས་གཉིས་ཀྱིས་དུས་རྟག་ཏུ་ཕན་ཚུན་ལ་ལྷག་བསམ་རྣམ་དག་བཟུང་བ་དང་ཕན་ཚུན་ལ་བརྩི་བཀུར་དང་ཡིད་ཆེས་བྱས་ཤིང་། ཁྱད་སྟོབས་གསབ་རེས་དང་མཉམ་ཕན་མཉམ་རྒྱལ་བྱས་པས། ཀྲུང་གོ་ཀྲི་ལིའི་འབྲེལ་བ་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་གྱུར་ནས། ཕྱོགས་ཡོངས་དང་ཁྱབ་ཁོངས་མང་པོ་ནས་མཉམ་ལས་ཀྱི་གྲུབ་འབྲས་བླངས་ཡོད། ཀྲུང་གོས་ཀྲི་ལི་ཕྱོགས་དང་ལག་རྡང་མཉམ་སྦྲེལ་གྱིས་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་གྱི་འགྲོ་འོང་གཙོ་ཐིག་ཏུ་བྱེད་པ་དང་། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པ་དེས་གཅིག་འདོམས་བྱེད་པ། ཁྱབ་ཁོངས་སོ་སོའི་མཛའ་མཐུན་མཉམ་ལས་ལ་ཤུགས་སྣོན་པ་བཅས་བྱས་ཏེ། ཀྲུང་གོ་དང་ཀྲི་ལིའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་རྒྱུན་འཁྱོངས་ལྷོད་མེད་ཀྱིས་མུ་མཐུད་གོང་འཕེལ་ལ་གཏོང་འདོད་ཡོད་ཟེར།

ལིས་ཀྲན་ཧྲུའུ་ཡིས་གསུངས་རྒྱུར། ཀྲུང་གོས་རང་བདག་རང་བཙན་གྱི་ཞི་བདེའི་ཕྱི་འབྲེལ་སྲིད་ཇུས་དུས་རྟག་ཏུ་རྒྱུན་འཁྱོངས་བྱེད་པ་དང་། སྒོ་འབྱེད་རྣམ་པའི་འཛམ་གླིང་དཔལ་འབྱོར་དང་མིའི་རིགས་ཀྱི་ལས་སྐལ་གཅིག་འབྲེལ་གྱི་ཐུན་མོང་ཚོགས་པ་འཛུགས་པར་སྐུལ་འདེད་ལེགས་པོ་གཏོང་རྒྱུ་ཡིན། ཀྲུང་གོས་ཀྲི་ལི་སོགས་འཛམ་གླིང་གི་རྒྱལ་ཁབ་སོ་སོ་དང་མཉམ་དུ། འདྲ་མཉམ་གཉིས་ཕན་གྱི་འབྲེལ་བ་འཛུགས་པ་དེ་རྨང་གཞིར་འཛིན་པ་དང་། ཐུན་མོང་འཕེལ་རྒྱས་དམིགས་འབེན་དུ་བརྩིས་ཏེ། ཕྱོགས་གསུམ་པའི་ལས་སྐལ་གཅིག་འབྲེལ་གྱི་ཐུན་མོང་ཚོགས་པ་རྣམས་ལ་བརྩི་བཀུར་བྱེད་འདོད་ཡོད་ཟེར།

ལིས་ཀྲན་ཧྲུའུ་ཡིས་བསྟན་དོན། དུས་ཡུན་རིང་བོར་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་ཀྲི་ལིའི་རྒྱལ་ཚོགས་བར་དུ་བརྗེ་རེས་དང་མཉམ་ལས་བཟང་པོ་སྲུང་འཛིན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་གོང་འཕེལ་ཐད་བྱས་རྗེས་གང་ལེགས་བཞག་ཡོད། ཕྱོགས་གཉིས་ཀྱིས་རིམ་པ་སོ་སོའི་མཛའ་མཐུན་འགྲོ་འོང་ཇེ་ཟབ་ཏུ་གཏོང་དགོས་པ་དང་། ཁྲིམས་འཛུགས་དང་ལྟ་སྐུལ། རྒྱལ་སྐྱོང་སྲིད་འཛིན་སོགས་ཕྱོགས་ཀྱི་ཉམས་མྱོང་བརྗེ་རེས་རྒྱ་བསྐྱེད་དེ་ཕན་ཚུན་བར་གྱི་སློབ་སྦྱོང་ལ་ཤུགས་སྣོན་དགོས་ཤིང་། ཁྲིམས་སྐྱོང་གིས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པ་དང་འབྱོར་འཚོང་མཉམ་ལས་རྒྱ་བསྐྱེད་པར་འགན་སྲུང་འདོན་སྤྲོད་བྱས་ཏེ། ཚོང་གཉེར་ཁོར་ཡུག་སྔར་ལས་ལེགས་སྒྱུར་བྱེད་དགོས་པ་དང་། རྒྱལ་ཁབ་གཉིས་ཀྱི་མི་ཆོས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་ལ་སྐུལ་འདེད་བཏང་ནས་ཀྲུང་གོ་དང་ཀྲི་ལིའི་མཛའ་བརྩེ་དེ་མི་ཚང་མའི་སེམས་ཁོངས་སུ་ཁྱབ་པར་བྱེད་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།