ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་འགོ་འཛིན་མཛད་དེ་ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པ་བསྡུས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ1པོའི་ཚེས23ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཞི་ཅིན་ཕིང་གིས་འགོ་འཛིན་མཛད་དེ་ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པ་བསྡུས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ཁོང་གིས་བསྟན་དོན། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ནི་དུས་རབས་བགར་བ་ཡིན་པས། བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལོ་རྒྱུས་ཀྱི་དུས་སྐབས་གསར་བ་འགོ་བརྩམས་ཤིང་། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ཡང་དུས་རབས་བགར་བ་ཡིན་པས། ཁྱོན་ཡོངས་ཀྱི་བཅོས་སྒྱུར་ཟབ་སྤེལ་དང་གོ་རིམ་ལྡན་ཞིང་སྤྱི་ཡོངས་ལ་ཇུས་འགོད་བྱས་ཏེ་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བའི་དུས་རབས་གསར་བ་འགོ་བརྩམས་པ་དང་རང་རྒྱལ་བཅོས་སྒྱུར་སྒོ་འབྱེད་ཀྱི་ཁྱོན་ཡོངས་ཀྱི་རྣམ་པ་གསར་བ་གསར་སྐྲུན་བྱས། ཉིས་སྟོང་ཉི་ཤུ་ལོའི་བར་གྱི་ཁྱབ་ཁོངས་གཙོ་བོ་དང་གནད་འགག་སྐབས་ཀྱི་བཅོས་སྒྱུར་ཐད་ནས་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ལེན་པར་དམིགས་ཏེ་མུ་མཐུད་དུ་དཀའ་སྤྱད་བརྩོན་ལེན་དང་འབད་འཐབ་ལྷོད་མེད་བྱས་ཏེ་དོན་དག་རེ་རེ་ལེགས་འགྲུབ་འབྱུང་བ་འགན་སྲུང་བྱས་ནས། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་བཀོད་སྒྲིག་བྱས་པའི་བཅོས་སྒྱུར་ལས་འགན་ཁྱོན་ཡོངས་ནས་ཡོངས་འགྲུབ་བྱེད་པར་ཐག་གཅོད་རང་བཞིན་གྱི་རྨང་གཞི་འདིང་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིས་ཁི་ཆང་དང་ཝང་ཧུའུ་ཉིང་རྣམ་གཉིས་གྲོས་ཚོགས་ལ་ཞུགས།

ཚོགས་ཐོག་ནས་ཧྲང་ཧེ་དངུལ་འཛིན་བརྗེ་རེས་ཁང་དུ་ཚན་རིག་གསར་སྐྲུན་པང་འཛུགས་པར་མ་ཟད་ཚོད་ལྟའི་ཐོ་འགོད་ལམ་ལུགས་ཀྱི་སྤྱིའི་ལག་བསྟར་ཇུས་གཞི་དང་ཧྲང་ཧེ་དངུལ་འཛིན་བརྗེ་རེས་ཁང་དུ་ཚན་རྩལ་གསར་སྐྲུན་པང་འཛུགས་པར་མ་ཟད་ཚོད་ལྟའི་ཐོ་འགོད་ལམ་ལུགས་ཀྱི་ལག་བསྟར་བསམ་འཆར། རྒྱལ་ཁབ་སྤྱི་གླིང་གཙོ་གཞི་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་འཛུགས་པའི་སྐོར་གྱི་མཛུབ་སྟོན་བསམ་འཆར། སློབ་གསོ་སློབ་ཁྲིད་བཅོས་སྒྱུར་ཟབ་སྤེལ་བྱས་ཏེ་འོས་འགན་སློབ་གསོའི་སྤུས་ཚད་ཁྱོན་ཡོངས་ནས་ཇེ་མཐོར་གཏོང་བའི་སྐོར་གྱི་བསམ་འཆར། ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཉིས་སྟོང་བཅུ་དགུ་ལོའི་བྱ་བའི་གནད་ས། ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཉིས་སྟོང་བཅོ་བརྒྱད་ལོའི་བྱ་བའི་སྤྱི་སྡོམ་སྙན་ཞུ་སོགས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།

ཚོགས་ཐོག་ནས་བསྟན་དོན། བཅོས་སྒྱུར་བྱ་བའི་གནད་ས་ནི་གནད་དོན་ངོ་མ་ཐག་གཅོད་རྒྱུ་དེ་ཡིན་ལ། གནད་དོན་ལ་རྩད་གཅོད་ནན་མོ་བྱས་ཏེ་དུས་ཐོག་ཏུ་ཐག་གཅོད་དགོས། ལས་འགན་ལ་གཅིག་གྱུར་སྒོས་བཀོད་འདོམས་བཟང་བོ་བྱས་ཏེ་དངོས་འབེབས་བྱ་བ་དམ་འཛིན་བྱེད་པ་དང་ཞིབ་བཤེར་ཞིབ་འཇུག་ལ་ཤུགས་སྣོན་ཞིང་གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་བཏོན་པའི་བཅོས་སྒྱུར་བྱེད་ཐབས་ལག་བསྟར་ནན་མོ་བྱས་ནས་གནད་ཕིགས་བཅོས་སྒྱུར་མངོན་འགྱུར་བྱེད་དགོས། བཅོས་སྒྱུར་ཇུས་གཞི་ལག་བསྟར་བྱེད་པའི་བརྒྱུད་རིམ་ཁྲོད་དུ་ཡུལ་བབ་དང་བསྟུན་པ་དང་གནད་ཕིགས་ཕན་འབྲས་ཐོབ་པར་བྱེད་པར་བྱེད་དགོས་ལ། གང་ཞིག་བཅོས་སྒྱུར་བྱེད་པ་དང་ཇི་ལྟར་བཅོས་སྒྱུར་བྱེད་སྐབས་དོན་དངོས་གཞིར་འཛིན་པ་དང་གང་ལ་གང་འཚམ་སྒོས་ལག་བསྟར་བྱེད་དགོས་པ་དང་། ལྷག་པར་དུ་གཞི་རིམ་མང་ཚོགས་ལ་ཐད་ཀར་དུ་ཁ་ཕྱོགས་ཏེ་བཅོས་སྒྱུར་དངོས་འབེབས་དམ་འཛིན་དང་མང་ཚོགས་ལ་བྱ་བ་བསྒྲུབ་པ་གཉིས་ཟུང་འབྲེལ་བྱས་ནས། རྣམ་པ་དང་བྱེད་ཐབས་ལ་མཉམ་བཞག་སྟེ་མང་ཚོགས་ལ་དངོས་ཕན་ཐོབ་པ་འགན་སྲུང་བྱེད་དགོས། འགན་འཁྲིའི་ཁག་ཁུར་ནུས་པ་ཇེ་ཆེར་བཏང་སྟེ་ལག་བསྟར་བྱས་པའི་བཅོས་སྒྱུར་ཇུས་གཞི་སྣ་ཚོགས་ལ་དཔྱད་ཞིབ་བྱེད་པ་དང་རྩད་ཆོད་པའི་གནད་དོན་དུས་ཐོག་ཏུ་ཐག་གཅོད་དགོས་ཟེར།

ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་རྣམས་གྲོས་ཚོགས་ལ་ཞུགས་པ་དང་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་རྣམས་གྲོས་ཚོགས་ལ་ཟུར་ཞུགས་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།