ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ལུས་རྩལ་ལས་རིགས་སོ་སོའི་མི་སྣ་དང་གཞི་རིམ་གྱི་འཐུས་མིའི་བཞུགས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ1པོའི་ཚེས18ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་བཞུགས་མོལ་ཚོགས་འདུ་བསྡུས་ནས། སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ལུས་རྩལ་ལས་རིགས་སོ་སོའི་མི་སྣ་དང་གཞི་རིམ་གྱི་འཐུས་མིས་སྲིད་གཞུང་བྱ་བའི་སྙན་ཞུའི་བསམ་འཆར་བསྡུ་ལེན་མ་ཡིག་ཐད་བཏོན་པའི་བསམ་འཆར་དང་གྲོས་གཞི་ལ་ཉན།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་བཞུགས་མོལ་ཚོགས་འདུར་ཞུགས།

ཚོགས་ཐོག་ཏུ་འཐུས་མི་བདུན་གྱིས་གཏམ་བཤད། ལིས་ཁི་ཆང་གིས་གསུངས་རྒྱུར། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཡང་དག་པའི་འགོ་ཁྲིད་འོག  ན་ནིང་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་གྲུབ་འབྲས་གསར་བ་ཐོབ། ད་ལོའི་བྱ་བ་བཟང་བོར་སྒྲུབ་སྐབས་སྔར་བཞིན་དུ་མི་དམངས་མང་ཚོགས་ཀྱིས་མཉམ་དུ་འབད་བརྩོན་བྱེད་པར་བརྟེན་དགོས་པ་དང་ཚོང་རའི་གསོན་ཤུགས་སྐུལ་ཏེ་དཔལ་འབྱོར་ཇེ་སྡུག་ཏུ་འགྲོ་བའི་གནོན་ཤུགས་ལ་གདོང་གཏོད་དགོས་ལ། དམངས་ཚིས་དཀའ་གནད་དང་གནད་དོན་གལ་ཆེན་གཙོར་བཟུང་ནས་ཐག་གཅོད་དགོས་པ་དང་དཔལ་འབྱོར་དང་སྤྱི་ཚོགས་མཐུན་སྦྱོར་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར།

ཉིན་པོ་ནོ་ཏེན་ཧན་སློབ་ཆེན་གྱི་དབྱང་ཧྥུའུ་ཅ་དང་ཆིན་ཧྭ་སློབ་ཆེན་གྱི་ཞའོ་ཆི་ཁུན་གྱིས་སྣ་མང་རིགས་མང་གི་མཐོ་རིམ་སློབ་གྲྭ་འཕེལ་རྒྱས་སུ་བཏང་ནས་སྤུས་ཚད་མཐོ་བའི་ཚན་རྩལ་གསར་སྐྲུན་ལ་སྐུལ་འདེད་གཏོང་དགོས་པའི་གྲོས་གཞི་བཏོན། ལིས་ཁི་ཆང་གིས་གསུངས་རྒྱུར། མི་རེར་ཆ་སྙོམས་སྒོས་སློབ་གསོ་ཐོབ་པའི་ལོ་ཚད་མུ་མཐུད་དུ་ཇེ་མཐོར་གཏོང་བ་དང་མཐོ་རིམ་སློབ་གྲྭའི་སྣ་མང་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་སྔར་ལས་མང་པོའི་གསར་སྐྲུན་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་དགོས་ཟེར།

ཅི་ལིན་གྱི་ལས་སྤེལ་མཁན་ཚེ་ཞོ་ཡིས་གྲོས་གཞི་བཏོན། ལིས་ཁི་ཆང་གིས་གསུངས་རྒྱུར། ཞིང་ལས་རྒྱབ་སྐྱོར་སྲིད་ཇུས་འཐུས་ཚང་དུ་བཏང་སྟེ་ཐོག་མའི་ཐོན་སྐྱེད་ས་ཁུལ་དང་ཐོན་རྫས་མཚོན་རྟགས་སྲུང་སྐྱོབ་བྱེད་པ་དང་ལྗང་མདོག་སྤུས་ལེགས་ཞིང་ཐོན་དངོས་རྫས་འཕེལ་རྒྱས་སུ་གཏོང་དགོས། ཆ་རྐྱེན་གསར་སྐྲུན་གྱིས་ཞིང་བ་མང་ཚོགས་ཀྱིས་ཡོང་སྒོ་བཙལ་ཐུབ་པ་དང་ཡོང་སྒོ་བཙལ་རྒྱུ་ཡོད་པར་བྱེད་དགོས། ན་གཞོན་མང་པོས་ཞིང་སྡེ་རུ་ལས་དོན་གཉེར་ནས་གྲུབ་འབྲས་ཐོབ་པར་རྒྱབ་སྐྱོར་བྱེད་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།