ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་མོ་ཞི་ཁོའི་སྣུམ་འདྲེན་སྦུག་ལམ་འགས་གཏོར་བྱུང་སྟེ་མི་སྣ་ཤི་རྨས་ཚབས་ཆེན་བཟོས་པའི་ཐད་ནས་མོ་ཞི་ཁོའི་ཙུང་ཐུང་ལོ་ཕེ་སི་ལ་འཚམས་འདྲིའི་གློག་འཕྲིན་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ1པོའི་ཚེས20ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མོ་ཞི་ཁོའི་སྣུམ་འདྲེན་སྦུག་ལམ་འགས་གཏོར་བྱུང་སྟེ་མི་སྣ་ཤི་རྨས་ཚབས་ཆེན་བཟོས་པའི་ཐད་ནས་མོ་ཞི་ཁོའི་ཙུང་ཐུང་ལོ་ཕེ་སི་ལ་འཚམས་འདྲིའི་གློག་འཕྲིན་བཏང་།

ཞི་ཅིན་ཕིང་གིས་འཚམས་འདྲིའི་གློག་འཕྲིན་ནང་གསུངས་རྒྱུར། མོ་ཞི་ཁོའི་དབུས་ཕྱོགས་སུ་སྣུམ་འདྲེན་སྦུག་ལམ་འགས་གཏོར་བྱུང་སྟེ་མི་སྣར་ཤི་རྨས་ཚབས་ཆེན་བཟོས་པས། བདག་གིས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་བྱེད་པར་མ་ཟད་རང་ཉིད་ཀྱི་མིང་ཐོག་ནས་འདས་པོ་རྣམས་ལ་མྱ་ངན་ཞུ་བ་དང་འདས་པོའི་ཁྱིམ་མི་དང་རྨས་མ་རྣམས་ལ་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་ཞུས་པ་ཡིན་ལ། རྨས་མ་རྣམས་སྔ་མོ་ནས་བདེ་ཐང་ཡོང་བར་སྨོན། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་ལ་རོགས་སྐྱོར་འདོན་སྤྲོད་བྱེད་འདོད་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།