ཀྲུང་གོ་བོད་ཀྱི་དྲ་བ།

དཔྱིད་གསར་དུས་ཆེན་གོང་ཞིང་པ་ལས་མི་ཁྲི38.9ཡི་གླ་ཆ་སྒོར་དུང་ཕྱུར57འདེད་ལེན་བྱས་ནས་སྤྲད་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-01-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའི་པུའུ་ཀྲང་གཞོན་པ་ཆིའུ་ཞའོ་ཕིང་གིས་ཚེས18ཉིན་གྱི་ཕྱི་དྲོར་གཉེར་བའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གི་སྲིད་ཇུས་སྐོར་གྱི་འཆར་ཅན་བརྡ་གཏོང་ཚོགས་འདུའི་ཐོག དཔྱིད་གསར་དུས་ཆེན་གོང་ཞིང་པ་ལས་མིའི་གླ་ཆ་སྤྲོད་པའི་འགན་ལེན་ལས་དོན་ཡག་པོ་བསྒྲུབ་ཆེད། ས་ཁུལ་ཁག་གིས་ན་ནིང་གི་ཟླ11ཚེས1ཉིན་ནས་བཟུང་དུས་ཡུན་ཉིན་བརྒྱ་ཡི་ཞིང་པ་ལས་མིའི་གླ་ཆ་སྤྲོད་ཚུལ་གྱི་ཆེད་དོན་ཁྲིམས་འཛིན་བྱ་སྤྱོད་སྤེལ་ཞིང་། མིག་སྔ་བར། ས་ཁུལ་ཁག་གིས་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་གྱོད་གཞི་ཁྱོན་ཁྲི2.8ཞིབ་བཤེར་ཐག་གཅོད་བྱས་པ་དང་ཞིང་པ་ལས་མི་ཁྲི38.9ཡི་གླ་ཆ་སྒོར་དུང་ཕྱུར57འདེད་ལེན་བྱས་ནས་ཡོད་ཅེས་བརྗོད་པ་རེད།

རྗེས་མའི་གཟའ་འཁོར་གཉིས་ནང་། མི་སྤྱི་པུས་པུའུ་དབར་གྱི་མཉམ་ཞུགས་ཚོགས་འདུའི་ཁོངས་མིའི་ཚན་པ་དང་མཉམ་དུ་ས་ཁུལ་ཁག་གི་གཏོགས་ཁོངས་དང་སྡེ་ཚན་གྱི་ལྟ་སྐུལ་དོ་དམ་འགན་འཁྲིར་སྔར་བས་ཤུགས་སྣོན་རྒྱག་རྒྱུར་ལྟ་སྐུལ་བྱས་ནས་གླ་ཆ་འགྱངས་ཆད་བཅོས་སྒྲིག་དང་གཏོང་སྤྲོད་འགན་ལེན་གྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབ་རྒྱུ་དང་། སྲིད་གཞུང་གིས་མ་འཇོག་བྱས་པའི་ལས་གྲྭ་དང་རྣམ་གྲངས་ཐད་ལས་གྲྭའི་དངུལ་འགྱངས་ཆད་བྱས་ནས་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་གནད་དོན་ཐོན་པའི་རིགས་ལ་ས་གནས་སྲིད་གཞུང་གིས་འཕྲལ་མར་སྔོན་ལ་ཞིང་པ་ལས་མིའི་གླ་ཆ་གཙང་འཇལ་བྱེད་པའི་ཐད་ལྟ་སྐུལ་བྱ་རྒྱུ། ཁེ་ལས་གཞན་དག་གིས་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་བྱས་པའི་རིགས་ལ་དཔྱིད་གསར་དུས་ཆེན་གོང་དུས་བཀག་ནང་ཐག་གཅོད་བྱེད་དགོས་པའི་བཀའ་གཏོང་རྒྱུ། བཀའ་བཏང་ཡང་གཏོང་སྤྲོད་དུས་བཅད་ཐིམས་ནས་ཐག་གཅོད་བྱས་མེད་པའི་རིགས་ལ་ཁྲིམས་ལྟར་ཆད་པ་ནན་པོ་གཅོད་རྒྱུ། གླ་ཆ་འགྱངས་ཆད་ཀྱི“ཐོ་གཞུང་ནག་པོའི”ནང་འཇུག་རྒྱུར་འཚམ་པའི་རིགས་འཇུག་དགོས་རིགས་བཅུག་གང་ཐུབ་བྱ་རྒྱུ། ཉེས་གསོག་དང་འབྲེལ་བ་ཡོད་པའི་རིགས་འཕྲལ་མར་སྤྱི་བདེ་ལས་ཁུངས་ལ་རྩིས་སྤྲད་དེ་གྱོད་ཐོ་བཀོད་ནས་མྱུལ་ཞིབ་བྱས་ཏེ་རྒྱ་ཆེའི་ཞིང་པ་ལས་མིར་གླ་ཆ་རག་པ་དང་བདེ་བླག་ངང་ཕ་ཡུལ་དུ་ལོ་གསར་གཏོང་ཐུབ་པ་ཧུར་ཐག་བྱ་རྒྱུ་བཅས་རེད།

ཞིང་པ་ལས་མིའི་ཁེ་དབང་སྔར་བས་འགན་ལེན་བྱ་ཆེད། ཆིའུ་ཞའོ་ཕིང་གིས་ཕྱོགས་ལྔའི་ཐད་གཙོ་གནད་ཐོག་དམ་འཛིན་བྱས་ཏེ་ཞིང་པ་ལས་མིའི་གླ་ཆ་གཏོང་སྤྲོད་འགན་ལེན་གྱི་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་སྟེ། 

གཅིག་ནས་འགན་འཁྲི་དོན་འཁྱོལ་ལ་དམ་འཛིན་བྱ་རྒྱུ་ཡིན་ཞིང་། ཞིང་པ་ལས་མིའི་གླ་ཆ་གཏོང་སྤྲོད་འགན་ལེན་ལས་དོན་གྱི་དཔྱད་ཞིབ་ནུས་པ་སྔར་བས་འདོན་སྤེལ་བྱེད་པ་དང་། ཞིང་ཆེན་རིམ་པའི་སྲིད་གཞུང་གི་ལོ་འཁོར་དཔྱད་ཞིབ་ལ་ཤུགས་སྣོན་རྒྱག་པ། དཔྱད་ཞིབ་ཀྱི་གཏོགས་ཁོངས་འགན་འཁྲི་དང་སྡེ་ཚན་གྱི་འགན་འཁྲི་དོན་འཁྱོལ་གནས་ཚུལ་དང་ལས་ཀའི་ཕན་འབྲས་མངོན་གསལ་དོད་པོ་ཡོང་བ་བཅས་བྱས་ཏེ་དཔྱད་ཞིབ་ལ་ཤུགས་སྣོན་རྒྱག་པ་བརྒྱུད་ལས་ཀའི་གནོན་ཤུགས་རིམ་པ་རེ་རེ་བཞིན་བརྒྱུད་སྤྲོད་བྱ་རྒྱུ་དང་།

གཉིས་ནས་གཙོ་གནད་བཅོས་སྒྲིག་ལ་དམ་འཛིན་བྱ་རྒྱུ་ཡིན་ཞིང་། འཛུགས་སྐྲུན་ཁྱབ་ཁོངས་སུ་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་གནད་དོན་ཅུང་མངོན་གསལ་དོད་པའི་གནས་ཚུལ་ལ་དམིགས་ཏེ་ལས་གྲྭའི་དངུལ་གཏོང་སྤྲོད་ཁག་ཐེག་དང་ཨར་སྐྲུན་བརྒྱུད་རིམ་ཁྲོད་མཇུག་རྩིས་རྒྱག་པའི་བྱེད་སྟངས་ཁྱབ་གདལ་མགྱོགས་པོ་བཏང་ནས་ལས་གྲྭའི་དངུལ་འགྱངས་ཆད་ཀྱི་གནད་དོན་དེ་བས་ནུས་ལྡན་ངང་གཏན་འགོག་བྱ་རྒྱུ་དང་། བརྟེན་སྦྱར་འགན་གཙང་དང་། ཁྲིམས་འགལ་ཁག་བགོས། འགན་ལེན་གཞན་སྤྲོད་སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་བཅོས་སྒྲིག་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་འཛུགས་སྐྲུན་མི་སྤྱོད་ཀྱི་ལམ་ལུགས་སྒྱུར་བཅོས་མགྱོགས་པོ་བྱས་ནས་འཛུགས་སྐྲུན་བཟོ་པར་ཀུང་སི་ཅན་དང་ཆེད་ལས་ཅན་གྱི་དོ་དམ་རིམ་བཞིན་མངོན་འགྱུར་ཐུབ་པ་བྱ་རྒྱུ།

གསུམ་ནས་ལམ་ལུགས་འཛུགས་སྐྱོང་ལ་དམ་འཛིན་བྱ་རྒྱུ་ཡིན་ཞིང་། སྐྲུན་བཞིན་པའི་ལས་གྲྭ་དང་རྣམ་གྲངས་ཀྱི་ཨར་སྐྲུན་ཁེ་ལས་དང་ཞིང་པ་ལས་མིའི་དབར་ཁྲིམས་ལྟར་ངལ་རྩོལ་གན་རྒྱ་འཇོག་རྒྱུར་ལྟ་སྐུལ་བྱས་ཏེ་ཞིང་པ་ལས་མིའི་མིང་དངོས་འགོད་པའི་ལམ་ལུགས་དོ་དམ་ཁྱོན་ཡོངས་ནས་ལག་བསྟར་བྱ་རྒྱུ་དང་། འཛུགས་སྐྲུན་ལས་གྲྭ་དང་རྣམ་གྲངས་ཚང་མར་ཟླ་རེར་གྲངས་ཚང་ངང་གླ་ཆ་གཏོང་སྤྲོད་ཀྱི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ་དང་། དངུལ་ཁང་གིས་གླ་ཆ་བརྒྱུད་སྤྲོད་བྱེད་པའི་ལམ་ལུགས་ལ་སྐུལ་འདེད་གཏོང་བ། གླ་ཆའི་འགན་ལེན་དངུལ་གྱི་ལམ་ལུགས་དང་ཞིང་པ་ལས་མིའི་གླ་ཆའི་ཆེད་སྤྱོད་རྩིས་ཁྲ་དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་དོན་འཁྱོལ་བྱེད་པ། ཨར་ལས་སྤྱི་ཡོངས་འགན་གཙང་བླངས་པའི་ཁེ་ལས་ཀྱིས་གླ་ཆ་གཏོང་སྤྲོད་ཀྱི་སྤྱི་འགན་འཁུར་བའི་ལམ་ལུགས་དོན་འཁྱོལ་བཅས་བྱ་རྒྱུ།

བཞི་ནས་ལྟ་ཞིབ་ཁྲིམས་འཛིན་ལ་དམ་འཛིན་བྱ་རྒྱུ་ཡིན་ཞིང་། ས་ཁུལ་བརྒལ་ནས་ཁྲིམས་འཛིན་གྱི་རིམ་མཚུངས་མཐུན་སྦྱོར་དྲ་བ་འཐུས་སྒོ་ཚང་དུ་གཏོང་བ་བརྒྱུད། ཞིང་པ་ལས་མིས་ཁྲིམས་ལྟར་དབང་ཆ་སྲུང་བར་སྟབས་བདེ་བསྐྲུན་རྒྱུ་དང་། སྲིད་འཛིན་ཁྲིམས་སྐྱོང་དང་ཉེས་དོན་ཁྲིམས་འཛིན་སྦྲེལ་མཐུད་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་སྟེ་རྐང་བཙུགས་ནས་གླ་ཆ་འགྱངས་ཆད་ཀྱི་ཉེས་གསོག་དོགས་གཞི་ཡོད་པའི་བྱེད་སྤྱོད་ལ་རྡུང་རྡེག་ནན་པོ་གཏོང་རྒྱུ།

ལྔ་ནས་ཡིད་རྟོན་མེད་པར་ཆད་པ་ནན་པོ་གཅོད་རྒྱུ་ཡིན་ཞིང་། ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི“ཐོ་གཞུང་ནག་པོའི”དོ་དམ་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་སྟེ“ཐོ་གཞུང་ནག་པོའི”ནང་འཇུག་རྒྱུར་འཚམ་པའི་ཁེ་ལས་དང་འབྲེལ་ཡོད་མི་སྒེར་ལ་འཇུག་དགོས་རིགས་ཚང་མ་འཇུག་ཐུབ་པ་དང་དུས་ཐོག་ཏུ་བཅུག་ཐུབ་པ་བྱ་རྒྱུ་དང་སྦྲགས། འབྲེལ་ཡོད་སྡེ་ཚན་གྱིས་འགན་ནུས་གཞིར་བཟུང་ཁྲོམ་རའི་ཆོག་འཐུས་དང་། འོས་སྐུལ་འོས་དཔོད། མ་དངུལ་བསྡུ་སྒྲིལ་གྱི་དངུལ་བུན་གཡར་བ་སོགས་ཐད་ཆད་པ་ནན་པོ་གཅོད་རྒྱུ་ཡིན་ཞེས་བརྗོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།