ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་བཞུགས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ1པོའི་ཚེས17ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ། ཏང་གི་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མིས་སྲིད་གཞུང་བྱ་བའི་སྙན་ཞུའི་བསམ་འཆར་བསྡུ་ལེན་མ་ཡིག་ཐད་བཏོན་པའི་བསམ་འཆར་དང་གྲོས་གཞི་ལ་ཉན།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་བཞུགས་མོལ་ཚོགས་འདུར་ཞུགས།

ལིས་ཁི་ཆང་གིས་གསུངས་རྒྱུར། དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་གདན་དྲངས་ཏེ་སྲིད་གཞུང་བྱ་བའི་སྙན་ཞུར་བསམ་འཆར་དང་གྲོས་གཞི་འདོན་དུ་བཅུག་པ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་ཀྱི་མཚོན་བྱེད་གལ་ཆེན་ཡིན་པ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དམངས་གཙོ་ལྟ་སྐུལ་དང་ལེན་བྱེད་པའི་གོ་རིམ་གལ་ཆེན་ཞིག་ཡིན་ཟེར།

ལིས་ཁི་ཆང་གིས་དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣས་སྲིད་གཞུང་བྱ་བར་སེམས་ཁུར་དང་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཆེ་ཞུས། ཁོང་གིས་གསུངས་རྒྱུར། ད་ལོར་དཀའ་ཁག་སྣ་ཚོགས་ལ་འགྲན་རྩོད་བྱེད་རྒྱུ་སྔར་ལས་ཛ་དྲག་ཆེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ་བརྟན་འཇགས་ཁྲོད་ནས་འཕེལ་རྒྱས་བརྩོན་ལེན་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་ཧུར་ཐག་སྒོས་ནོར་སྲིད་སྲིད་ཇུས་དང་བརྟན་བརླིང་དངུལ་ལོར་སྲིད་ཇུས་མུ་མཐུད་དུ་ལག་བསྟར་བྱེད་དགོས་ལ། ང་ཚོས་གང་ལ་གང་འཚམ་གྱི་བྱེད་ཐབས་སྤྱོད་པའི་ཉམས་མྱོང་བསགས་ཡོད་པས། ཆེ་ཕྱོགས་ནས་ཚོད་འཛིན་དང་སྙོམས་སྒྲིག་བྱེད་པར་གསར་སྐྲུན་དང་འཐུས་ཚང་དུ་གཏོང་བ་བརྒྱུད་དེ་འཕེལ་རྒྱས་ཀྱི་རྣམ་པ་སྒྱུར་བའི་ཁྲོད་དུ་དཔལ་འབྱོར་འཁོར་སྐྱོད་དེ་ལུགས་མཐུན་གྱི་ཁུལ་ཁོངས་སུ་སྲུང་འཛིན་བྱས་ཆོག་པ་དང་། བཅོས་སྒྱུར་སྒོ་འབྱེད་ཟབ་སྤེལ་དང་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱས་པ་བརྒྱུད་དེ་ཚོང་རའི་གསོན་ཤུགས་ཇེ་ཆེར་གཏོང་བར་སྔར་ལས་ཡིད་འཇོག་བྱེད་དགོས་ལ། ལས་སྤེལ་གསར་སྐྲུན་ལ་རྒྱབ་སྐྱོར་བྱེད་པར་སྔར་ལས་ཡིད་འཇོག་བྱས་ཏེ་སྒུལ་ནུས་གསར་བ་མྱུར་དུ་འཕེལ་རྒྱས་སུ་གཏོང་དགོས། གཞི་རྩའི་དམངས་ཚིས་འགན་སྲུང་བྱེད་པར་སྔར་ལས་ཡིད་འཇོག་བྱས་ཏེ་རིམ་བཞིན་དམངས་ཚིས་དཀའ་གནད་ཐག་གཅོད་དགོས་པར་མ་ཟད་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།