ཀྲུང་གོ་བོད་ཀྱི་དྲ་བ།

སུན་ཁྲུན་ལན་དང་ཉི་ཉི་སི་ཐོ་གཉིས་ཀ་ཉིས2019ལོའི་ཀྲུང་གོ་དང་ཧྥིན་ལན་གྱི་དགུན་ཁའི་ལུས་རྩལ་ལོ་ཚོགས་འགོ་བརྩམས་པའི་མཛད་སྒོར་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ1པོའི་ཚེས15ཉིན་གྱི་དགོང་མོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུན་ཁྲུན་ལན་དང་ཧྥིན་ལན་གྱི་ཙུང་ཐུང་ཉི་ཉི་སི་ཐོ་གཉིས་ཀ་པེ་ཅིན་ནས2019ལོའི་ཀྲུང་གོ་དང་ཧྥིན་ལན་གྱི་དགུན་ཁའི་ལུས་རྩལ་ལོ་ཚོགས་འགོ་བརྩམས་པའི་མཛད་སྒོར་ཞུགས།

སུན་ཁྲུན་ལན་གྱིས་བཤད་རྒྱུར། ཉིས་སྟོང་བཅུ་དགུ་ལོའི་ཀྲུང་གོ་དང་ཧྥིན་ལན་གྱི་དགུན་ཁའི་ལུས་རྩལ་ལོ་ནི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཉི་ཉི་སི་ཐོ་རྣམ་གཉིས་ཀྱིས་བཏོན་པའི་ཐུན་མོང་གི་ལྟ་ཚུལ་ཡིན། ཀྲུང་གོ་དང་ཧྥིན་ལན་གྱི་ལུས་རྩལ་དང་ལྷག་པར་དུ་དགུན་ཁའི་ལུས་རྩལ་མཉམ་ལས་ཀྱི་རྨང་གཞི་བརྟན་ཞིང་འཕེལ་རྒྱས་སུ་སོང་བ་མགྱོགས། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་རོགས་ལས་དམ་པོ་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་བཏོན་པའི་ཐུན་མོང་གི་ལྟ་ཚུལ་དངོས་འབེབས་བཟང་བོ་བྱེད་པ་དང་སྔར་ལས་བཟང་བའི་དགུན་ཁའི་ལུས་རྩལ་ལོ་མཉམ་སྒྲུབ་བྱེད་དགོས། ཉི་ཉི་སི་ཐོ་ཡིས་བཤད་རྒྱུར། ཧྥིན་ལན་ཕྱོགས་ཀྱིས་ལུས་རྩལ་ལོ་ལེགས་སྒྲུབ་བྱེད་པར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་རྒྱལ་ཁབ་གཉིས་ཀྱི་དགུན་ཁའི་ལུས་རྩལ་མཉམ་ལས་ཀྱིས་ཧྥིན་ལན་དང་ཀྲུང་གོའི་འབྲེལ་བར་གསོན་ཤུགས་གསར་བ་སྣོན་ཐུབ་པར་ཡིད་ཆེས་ཡོད་ཟེར།

མཛད་སྒོའི་སྔོན་ལ། སུན་ཁྲུན་ལན་དང་ཉི་ཉི་སི་ཐོ་གཉིས་ཀས་ཀྲུང་གོ་དང་ཧྥིན་ལན་རྒྱལ་ཁབ་གཉིས་ཀྱི་ལུས་རྩལ་བརྗེ་རེས་པར་རིས་འགྲེམ་སྟོན་ལ་ལྟ་ཞིབ་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།