ཀྲུང་གོ་བོད་ཀྱི་དྲ་བ།

2018ལོར་རང་རྒྱལ་གྱིས་ཕྱི་དངུལ་སྒོར་དུང་ཕྱུར8856.1འགུག་ཐབས་བྱས་ཏེ་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-01-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། ཚོང་དོན་པུའི་ཕྱི་དངུལ་སིའི་འགན་འཁུར་བས་ངོ་སྤྲོད་བྱས་པར། 2018ལོར་རང་རྒྱལ་གྱིས་དངོས་སུ་ཕྱི་དངུལ་མི་དམངས་ཤོག་སྒོར་དུང་ཕྱུར8856.1སྤྱད་ནས་ཕྱི་དངུལ་འགུག་ཐབས་ཀྱི་གཞི་ཁྱོན་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་དེ་དུས་མཚུངས་ལས0.9%(ཨ་སྒོར་ལ་ཕབ་ན་སྒོར་དུང་ཕྱུར1349.7ཟིན་པ་དང་དུས་མཚུངས་ལས3%འཕར་བ)འཕར་ཡོད་པ་རེད།

2018ལོར་རང་རྒྱལ་གྱི་བཟོ་སྐྲུན་ལས་རིགས་ཀྱིས་ཕྱི་དངུལ་འགུག་ཚད་མགྱོགས་མྱུར་འཕར་རྒྱུ་མངོན་འགྱུར་བྱུང་ཡོད། ཟླ་དང་པོ་ནས་བཅུ་གཉིས་བར་བཟོ་སྐྲུན་ལས་རིགས་ཀྱིས་དངོས་སུ་ཕྱི་དངུལ་སྤྱོད་ཚད་དུས་མཚུངས་ལས20.1%འཕར་ནས་བསྡུར་ཚད30.6%བཟུང་བ་དང་ལོ་གོང་མ་ལས་བརྒྱ་ཆའི་གྲངས4.8འཕར་ཡོད། དེའི་ནང་ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་དུས་མཚུངས་ལས35.1%འཕར་ཡོད་པ་རེད།

དབུས་ནུབ་ས་ཁུལ་དུ་མགྱོགས་མྱུར་འཕར་རྒྱུ་མངོན་འགྱུར་བྱུང་ཞིང་། 2018ལོར་དབུས་རྒྱུད་ས་ཁུལ་དུ་དངོས་སུ་ཕྱི་དངུལ་སྤྱོད་ཚད་དུས་མཚུངས་ལས15.4%འཕར་བ་དང་ནུབ་རྒྱུད་ས་ཁུལ་དུ་དུས་མཚུངས་ལས18.5%འཕར་ཡོད། རང་མོས་ཚོང་དོན་ཚོད་ལྟའི་ཁུལ་དུ་དུས་མཚུངས་ལས3.3%འཕར་ནས་བསྡུར་ཚད12.1%བཟུང་ཡོད།

ཕྱི་དངུལ་གྱི་རྣམ་གྲངས་ཆེན་པོ་མགྱོགས་མྱུར་འཕར་རྒྱུ་མངོན་འགྱུར་བྱུང་ཞིང་། གན་རྒྱའི་ཕྱི་དངུལ་གྱི་ཨ་སྒོར་ཁྲི་5000ཡན་ཟིན་པའི་རྣམ་གྲངས་ཆེན་པོ་1700ཙམ་ཡོད་པ་དེ་དུས་མཚུངས་ལས་23.3%འཕར་ཡོད། མཉམ་ཉོའི་བྱེད་སྟངས་ཐོག་ནས་དངོས་སུ་ཕྱི་དངུལ་སྤྱོད་ཚད་དུས་མཚུངས་ལས28.4%འཕར་ཡོད་པ་རེད།

མ་དངུལ་ཡོང་ཁུངས་གཙོ་བོའི་མ་དངུལ་གཏོང་ཚད་འཕར་བའི་རྣམ་པ་བཟང་པོ་ཡོད་ཅིང་། 2018ལོར་མ་དངུལ་ཡོང་ཁུངས་གཙོ་བོའི་ཁྲོད། སིང་ཀ་ཕོར་དང་། འཇར་པན། དབྱིན་ཇི། ཨ་རི་བཅས་ཀྱི་དངོས་སུ་མ་དངུལ་གཏོང་ཚད་དུས་མཚུངས་ལས8.1%དང་། 13.6% 150.1% 7.7%བཅས་སོ་སོར་འཕར་ཡོད། “རྒྱུད་གཅིག་ལམ་གཅིག”གི་ལམ་རྒྱུད་རྒྱལ་ཁབ་ཏུ་དངོས་སུ་མ་དངུལ་གཏོང་ཚད་དུས་མཚུངས་ལས13.2%འཕར་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།