ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང་གིས་ཀན་སུའུ་ལིན་ཞཱ་ཡི་དབུལ་ཐར་མཁྲེགས་གཏོར་བྱ་བར་རྟོག་ཞིབ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

201901150936362P5m.jpg

ཉེ་ལམ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཀན་སུའུ་ལིན་ཞཱ་ཧོས་རིགས་རང་སྐྱོང་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་བྱ་བར་རྟོག་ཞིབ་མཛད་པ་དང་། དབུལ་ཕོངས་མང་ཚོགས་དང་གཞི་རིམ་གྱི་དབུལ་སྐྱོར་ལས་བྱེད་པར་འཚམས་འདྲི་མཛད། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཀན་སུའུ་ལིན་ཞཱ་ཧོས་རིགས་རང་སྐྱོང་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་བྱ་བར་རྟོག་ཞིབ་མཛད་པ་དང་། དབུལ་ཕོངས་མང་ཚོགས་དང་གཞི་རིམ་གྱི་དབུལ་སྐྱོར་ལས་བྱེད་པར་འཚམས་འདྲི་མཛད། ཁོང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་སྐྱོར་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལོ་སར་གྱི་ཤིས་ཚིག་ཁྲོད་དབུལ་སྐྱོར་ལས་བྱེད་པར་གནང་བའི་ཐུགས་ཁུར་དང་དབུལ་ཐར་བྱ་བའི་ཐད་ཀྱི་རེ་བ་དེ་བྱ་བའི་སྒུལ་ཤུགས་ཆེན་པོ་རུ་བསྒྱུར་བ། ཧ་ཅང་དབུལ་ཕོངས་ཡིན་པའི་ས་ཁུལ་གྱི་དབུལ་ཐར་བྱ་བ་བཟང་བོར་བསྒྲུབ་ནས། དུས་བཀག་ལྟར་དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ལེན་པར་ཁག་ཐེག་བྱེད་དགོས་ཟེར།

2013ལོ་དང2015ལོར་ཝང་དབྱང་གིས་ཐེངས་གཉིས་ལ་རུ་ཁག་ཁྲིད་དེ་ཨི་ཧྲི་ཧྲན་པའོ་ཨན་རིགས་ཏུང་ཞང་རིགས་ཟ་ལར་རིགས་རང་སྐྱོང་རྫོང་དུ་རྟོག་ཞིབ་བྱས། ཚེས་བཅུ་གསུམ་ཉིན་ནས་ཚེས་བཅུ་བཞི་ཉིན་བར། ཝང་དབྱང་ཡང་བསྐྱར་ཅི་ཧྲི་ཧྲན་རྫོང་ལིག་ཅི་ཞང་ཞའོ་ཅཱ་སྡེ་བ་དང་ལིག་གུག་ཞང་དབྱང་ཧྲན་སྡེ་བ་རུ་ཕེབས་ནས། དབུལ་ཕོངས་ཁྱིམ་ཚང་དང་དབུལ་ཐར་ལས་བྱེད་པར་འཚམས་འདྲི་མཛད་པ་དང་། དབུལ་ཐར་བྱ་བའི་གྲུབ་འབྲས་གསར་བ་དང་གནས་ཚུལ་གསར་བ། གནད་དོན་གསར་བའི་ཐད་ནས་རྗེས་འདེད་རྟོག་ཞིབ་བྱས་པར་མ་ཟད། འགོ་མཛིན་མཛད་དེ་བཞུགས་མོལ་ཚོགས་འདུ་བསྡུས་ནས། གཞི་རིམ་ལས་བྱེད་པའི་དབུལ་ཐར་བྱ་བའི་ཐད་ཀྱི་བསམ་འཆར་ལ་ཉན།

ཝང་དབྱང་གིས་ལིན་ཞཱ་ཁུལ་གྱིས་དབུལ་ཐར་མཁྲེགས་གཏོར་ཐད་ནས་བླངས་པའི་གྲུབ་འབྲས་མངོན་གསལ་དང་དབུལ་ཕོངས་ས་ཁུལ་དུ་བྱུང་བའི་འགྱུར་ལྡོག་ཆེན་པོ་ལ་ཁས་ལེན་གང་ལེགས་བྱས། ཁོང་གིས་ནན་གྱིས་བསྟན་དོན། མིག་སྔའི་དབུལ་ཐར་མཁྲེགས་གཏོར་བྱ་བ་དེ་གནད་འགག་དུས་སྐབས་སུ་སླེབས་ཡོད་པ་དང་། རྒྱལ་ཁ་ལེན་ལ་ཉེ་བའི་སྐབས་སུ་དཀའ་ཁག་དེ་ལས་ཆེ་ལ། དེ་བས་ཀྱང་རྒྱུན་འཁྱོངས་བྱེད་དགོས། དབུལ་ཐར་སྤུས་ཚད་མཐོར་འདེགས་གཏོང་རྒྱུ་དེ་གོ་གནས་གལ་ཆེན་དུ་འཇོག་པ་དང་། ས་ཆ་སོ་སོས་འཚོལ་ཞིབ་ཁྲོད་ཐོན་ལས་དབུལ་སྐྱོར་གྱི་ཉམས་མྱོང་བསྡུ་གསོག་བྱེད་པར་སྐུལ་སློང་བྱེད་པ། དབུལ་ཐར་གྲུབ་འབྲས་ཀྱི་གཏན་འཇགས་རང་བཞིན་མཐོར་འདེགས་བཏང་སྟེ། ཕྱིར་དབུལ་བོར་འགྱུར་ཚད་ཇེ་ཉུང་དུ་གཏོང་བ་དང་བཀག་འགོག་བྱེད་དགོས། ད་སྤྱོད་ཀྱི་ཚད་གཞི་ལ་དམིགས་ནས། སེམས་ཁྲལ་བྱེད་དགོས་པ་གཉིས་དང་འགན་སྲུང་གསུམ་ལག་བསྟར་བྱེད་པའི་ཁྲོད་གནས་པའི་གནད་དོན་འཚོལ་ཞིབ་ནན་མོ་བྱེད་པ་དང་ཐག་གཅོད་བཟང་བོ་བྱེད་པ། གང་འདོད་དུ་དབུལ་ཐར་མཁྲེགས་གཏོར་གྱི་ཁྱབ་ཁོངས་རྒྱ་སྐྱེད་པ་དང་དབུལ་སྐྱོར་ཚད་གཞི་ཇེ་མཐོར་གཏོང་བ། དབུལ་ཐར་གྱི་སྤུས་ཚད་ལ་གནོད་སྐྱེལ་བར་བཀག་འགོག་བྱེད་དགོས།  བློ་དཀར་གཞུང་དྲང་གི་ཚད་མཐའ་དམ་སྲུང་བྱེད་པ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཁྱད་སེལ་བྱས་ཏེ། དབུལ་ཐར་བྱ་བའི་ཐད་ནས་དངོས་གཉེར་བྱེད་པ་དང་དབུལ་ཐར་བརྒྱུད་རིམ་བརྟན་བརླིང་ཡིན་པ། དབུལ་ཐར་གྲུབ་འབྲས་བདེན་པ་ཡིན་པར་ཁག་ཐེག་བྱེད་པ་དང་། དབུལ་ཐར་གྲུབ་འབྲས་མང་ཚོགས་ཀྱིས་ཁས་ལེན་པ་དང་ཉམས་སད་ཐེག་ཐུབ་པར་བྱེད་དགོས། དབུལ་ཐར་མ་དངུལ་བཀོལ་སྤྱོད་ཐད་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ནས། མ་དངུལ་ཡོད་ཚད་མང་ཚོགས་ལ་མཁོ་གལ་ཆེ་བའི་ས་ཆར་བཀོལ་སྤྱོད་བྱེད་པར་ཁག་ཐེག་བྱེད་དགོས། ཀྲུང་དབྱང་དབུལ་ཐར་མཁྲེགས་གཏོར་ཆེད་དོན་སྐོར་ཞིབ་ཀྱི་གྲུབ་འབྲས་བཀོལ་སྤྱོད་བཟང་བོ་བྱེད་པ་དང་། དག་ཐེར་ལེགས་བཅོས་ཀྱི་འགུལ་སྐྱོད་དངོས་ལ་བརྟེན་ནས་དབུལ་ཐར་བྱ་བའི་སྤུས་ཚད་མཐོར་འདེགས་གཏོང་བར་སྐུལ་འདེད་གཏོང་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་གཞི་རིམ་དབུལ་སྐྱོར་ལས་བྱེད་པར་སེམས་ཁུར་བྱས་ཏེ། ཁག་ཁུར་ཕོད་པ་དང་ནུས་པ་ལྡན་པའི་ལས་བྱེད་པའི་སྤོབས་པ་ཆེར་སྐྱེད་པ་དང་དམིགས་འབེན་ཇེ་བརྟན་དུ་གཏོང་དགོས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།