ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྤྱི་བསྒྲགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20190114101850Oe5K.jpg

ཟླ1པོའི་ཚེས11ཉིན། ཀྲུང་གུང་ཀྲུང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་གསུངས་བཤད་གལ་ཆེན་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ2019ལོའི་ཟླ1པོའི་ཚེས11ཉིན་ནས་ཚེས13ཉིན་བར་པེ་ཅིན་ནས་བསྡུས། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ལ་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བརྒྱ་དང་སོ་གཉིས་ཞུགས་པ་དང་། མི་ཉིས་བརྒྱ་དང་ཉེར་གཅིག་ཟུར་ཞུགས་བྱས།

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཚང་འཛོམས་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ལིས་ཁི་ཆང་དང་ལིས་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་གྲོས་ཚོགས་ལ་ཞུགས།

ཚང་འཛོམས་གྲོས་ཚོགས་ལ་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འགོ་འཛིན་བྱས། ཚང་འཛོམས་གྲོས་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་བཟུང་བ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། ཉིས་སྟོང་བཅོ་བརྒྱད་ལོའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བྱ་བར་ཕྱིར་ལྟ་བྱས་པ་དང་། བཅོས་སྒྱུར་སྒོ་འབྱེད་བྱས་ཏེ་ལོ་ངོ་བཞི་བཅུ་འགོར་བའི་རིང་གི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བྱ་བའི་ཉམས་མྱོང་སྤྱི་སྡོམ་བྱས་པ་དང་། ཉིས་སྟོང་བཅུ་དགུ་ལོའི་ལས་འགན་བཀོད་སྒྲིག་བྱས་ལ། བློ་མཐུན་ཀྲའོ་ལི་ཅི་ཡིས་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ་ཕུལ་བའི་ཏང་གི་སྒྲིག་ཡིག་དང་རྩ་ཁྲིམས་ཀྱིས་གནང་བའི་འགན་ནུས་ལྷག་བསམ་རྣམ་དག་གིས་ལག་བསྟར་བྱས་ཏེ། དུས་རབས་གསར་པའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཧུར་ཐག་གིས་མངོན་འགྱུར་བྱེད་དགོས་ཞེས་པའི་བྱ་བའི་སྙན་ཞུ་ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་།

ཚང་འཛོམས་གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་གལ་ཆེན་ལ་སློབ་སྦྱོང་ནན་མོ་བྱས་པ་དང་གོ་བ་ཟབ་མོ་བླངས། ཚང་འཛོམས་གྲོས་ཚོགས་སྟེང་བལྟས་ན། གསུངས་བཤད་ཀྱིས་དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གོང་འཕེལ་གྱི་ཁྱོན་ཡོངས་ཀྱི་མཐོ་ཚད་ནས་འགྲེངས་ཏེ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཚུན་གྱི་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱས་ཏེ་བླངས་པའི་གྲུབ་འབྲས་གལ་ཆེན་ལ་ཁས་ལེན་གང་ལེགས་མཛད་ཡོད་པ་དང་། བཅོས་སྒྱུར་སྒོ་འབྱེད་བྱས་ཏེ་ལོ་ངོ་བཞི་བཅུའི་རིང་ལ་ཏང་གིས་རང་སྟེང་གསར་བརྗེ་བྱས་པ་དང་། ནམ་ཡང་སྔོན་ཐོན་རང་བཞིན་དང་ལྷད་མེད་རང་བཞིན་སྲུང་འཛིན་བྱས་པའི་ཉམས་མྱོང་རྩ་ཆེན་སྤྱི་སྡོམ་ཟབ་མོ་བྱས་ཡོད་ལ། འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་མཐོ་རིམ་ལས་བྱེད་པས་གནས་བབ་གསར་པའི་འོག་ཏུ་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཚད་གཞི་རབ་དང་རིམ་པ་ལག་བསྟར་བྱེད་པར་བླང་བྱ་གསལ་པོ་བཏོན་པ་དང་། བློ་བརྟན་འགྱུར་མེད་ཀྱིས་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པ་དང་། རུལ་སུངས་ངོ་རྒོལ་འཐབ་རྩོད་ཀྱི་རྣམ་གནོན་རང་བཞིན་གྱི་རྒྱལ་ཁ་སྲ་བརྟན་དང་གོང་འཕེལ་དུ་བཏང་ནས། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པའི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པར་འགན་སྲུང་སྟོབས་དང་ལྡན་པ་འདོན་སྤྲོད་བྱེད་དགོས་ཞེས་ནན་གྱིས་བསྟན་ཡོད། གསུངས་བཤད་ཀྱིས་ང་ཚོའི་ཏང་གིས་རང་སྟེང་གཙང་སྒྱུར་དང་རང་སྟེང་འཐུས་ཚང་། རང་སྟེང་གསར་སྒྱུར། རང་སྟེང་མཐོར་འདེགས་བཅས་ཀྱི་རང་རྟོགས་མཐོན་པོ་མངོན་པར་མཚོན་ཡོད་ལ། དེ་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པ་གཏིང་ཟབ་སར་འཕེལ་རྒྱས་སུ་གཏོང་བར་མཛུབ་སྟོན་གྱི་དོན་སྙིང་གལ་ཆེན་ལྡན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་ནི་ཏང་ཡོངས་ཀྱི་ཆབ་སྲིད་ལས་འགན་གལ་ཆེན་ཡིན་པས། བསམ་བློའི་ངོས་འཛིན་གཅིག་གྱུར་བྱེད་པ་དང་། ལྷག་བསམ་རྣམ་དག་གིས་འགན་ནུས་ལག་བསྟར་བྱས་ཏེ། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་བྱེད་དགོས་པར་འདོད།

ཚང་འཛོམས་གྲོས་ཚོགས་ནས་བསྟན་དོན། ཉིས་སྟོང་བཅོ་བརྒྱད་ལོར། ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག་ཏུ། རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་འདུ་ཤེས་བཞི་བརྟན་པོར་བཙུགས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དངོས་འབེབས་བྱས་ཤིང་། ཏང་གི་ཆབ་སྲིད་འཛུགས་སྐྲུན་དེ་གོ་གནས་དང་པོར་བཞག་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གོ་གནས་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱས་པ་དང་། ཏང་ཀྲུང་དབྱང་གི་དབང་ཟིལ་དང་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱས་ནས། ཏང་གི་ལམ་ཕྱོགས་བྱེད་ཕྱོགས་སྲིད་ཇུས་དང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ལག་བསྟར་དངོས་འབེབས་གནས་ཚུལ་ལ་ཞིབ་བཤེར་བྱས་ཏེ། ཏང་ཀྲུང་དབྱང་གི་བཀའ་ཁྱབ་གེགས་མེད་དུ་ལག་བསྟར་བྱེད་པར་ཁག་ཐེག་བྱས། ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་སྒྲིག་སྲོལ་གྱི་བཅོས་སྒྱུར་དང་རྒྱལ་ཁབ་ཀྱི་ལྟ་ཞིབ་སྒྲིག་སྲོལ་གྱི་བཅོས་སྒྱུར། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་བཅོས་སྒྱུར་བཅས་གཞི་གཅིག་ཏུ་སྤེལ་བ་དང་། མངགས་སྡོད་ལྟ་སྐུལ་སྒྲིག་སྲོལ་རྐྱེན་སྲོལ་གསར་གཏོད་བྱས་ཏེ། ཁྲིམས་སྲོལ་དང་ལམ་ལུགས་འཛུགས་སྐྲུན་ལ་ཤུགས་བསྣན། ཆབ་སྲིད་སྐོར་ཞིབ་ཟབ་སྤེལ་བྱས་ཏེ། སྐོར་ཞིབ་སྐོར་གཟིགས་ཀྱི་གོང་འོག་མཉམ་འགུལ་གྱི་ལྟ་སྐུལ་དྲ་བ་འཛུགས་པར་འཚོལ་ཞིབ་བྱས། ཀྲུང་དབྱང་གི་གཏན་ཁེལ་བརྒྱད་ཀྱི་དགོངས་དོན་རྒྱུན་འཁྱོངས་ལྷོད་མེད་ཀྱིས་དངོས་འབེབས་བྱས་ཏེ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཅིག་བསྡུས་ཀྱིས་བཅོས་སྐྱོང་དག་ཐེར་བྱས། སྒྲིག་ཁྲིམས་འཛུགས་སྐྲུན་གྱི་ཆབ་སྲིད་རང་བཞིན་དང་དུས་རབས་རང་བཞིན། ཁ་གཏད་རང་བཞིན་བཅས་མཐོར་འདེགས་བྱས་པ་དང་། ལྟ་སྐུལ་སྒྲིག་འཛིན་གྱི་རྣམ་པ་བཞི་བཀོལ་སྤྱོད་ཟབ་མོ་བྱས་ཏེ། དུས་རྒྱུན་གྱི་ལྟ་སྐུལ་ཇེ་དྲག་ཏུ་བཏང་། རུལ་སུངས་ཆད་གཅོད་བཅོས་སྐྱོང་གི་མཐོ་གནོན་རྣམ་པ་སྲུང་འཛིན་བྱས་ཏེ་རྒྱུན་ཆད་མེད་པར་རྩ་ལག་མཉམ་བཅོས་ཟབ་མོ་བྱས། དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་ཆེད་དམིགས་བཅོས་སྐྱོང་བྱས་པ་དང་། དམངས་ཚིས་ཁྱབ་ཁོངས་ཀྱི་ཁྲིམས་འགལ་ལུགས་འགལ་གྱི་བྱ་སྤྱོད་ལ་ཞིབ་བཤེར་ནན་མོ་བྱས་ཏེ། ནག་ངན་སྟོབས་ཤུགས་འགེབ་སྲུང་བྱེད་མཁན་ལ་ཁྲིམས་ཆད་ནན་མོ་བཅད། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་ཏང་གི་ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ཉམས་སད་ཐེག་ཐུབ་པའི་བྱ་སྤྱོད་དང་ནུས་པར་བརྟེན་ནས་བྱ་བ་སྣ་ཚོགས་ལ་ཏན་ཏིག་གིས་སྐུལ་འདེད་བཏང་།

ཚང་འཛོམས་གྲོས་ཚོགས་ནས་བཅོས་སྒྱུར་སྒོ་འབྱེད་བྱས་ཏེ་ལོ་ངོ་བཞི་བཅུའི་རིང་གི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བྱ་བར་སྤྱི་སྡོམ་བྱས་ཏེ། གཤམ་གྱི་ངོས་འཛིན་དང་མྱོང་ཚོར་འདི་དག་བྱུང་བ་སྟེ། གཅིག ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་ཇེ་དྲག་ཏུ་གཏོང་བའི་གཞི་རྩའི་རྩ་དོན་རྟག་ཏུ་རྒྱུན་འཁྱོངས་བྱས་ཏེ། ཏང་ཀྲུང་དབྱང་གི་དབང་ཟིལ་དང་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱས་ཏེ། ཏང་གི་ལམ་ཕྱོགས་བྱེད་ཕྱོགས་སྲིད་ཇུས་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ལག་བསྟར་དངོས་འབེབས་བྱེད་པར་ཁག་ཐེག་བྱས་ཡོད། གཉིས། ཏང་ཨུ་ལ་གཞོགས་འདེགས་བྱས་ཏེ་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་འགན་འཁྲིའི་ངོ་བོ་རྟག་ཏུ་བརྟན་སྲུང་བྱས་པ་དང་། ཏང་གི་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་བློ་བརྟན་འགྱུར་མེད་ཀྱིས་འཛུགས་སྐྲུན་བྱས་ཏེ། ཏང་གི་རང་སྟེང་གསར་བརྗེར་བརྟེན་ནས་ཏང་གིས་འགོ་ཁྲིད་པའི་སྤྱི་ཚོགས་གསར་བརྗེ་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཡོད། གསུམ། མི་དམངས་དཀྱིལ་སྙིང་ཡིན་པའི་ཆབ་སྲིད་ལངས་ཕྱོགས་རྟག་ཏུ་རྒྱུན་འཁྱོངས་བྱས་པ་དང་། མང་ཚོགས་ལ་བསམ་འཆར་ཆེ་ཞིང་མང་ཚོགས་ཀྱི་ཁེ་ཕན་ལ་གནོན་པའི་འབུར་ཐོན་གནད་དོན་ཧུར་ཐག་གིས་ཐག་བཅད་ནས། ཏང་གིས་སྲིད་འཛིན་པའི་ཆབ་སྲིད་རྨང་གཞི་དང་མང་ཚོགས་རྨང་གཞི་རྒྱུན་ཆད་མེད་པར་ཟབ་མོར་བསྐྱེད་ཡོད། བཞི། རུལ་སུངས་ངོ་རྒོལ་གྱི་འཐབ་རྩོད་སྤེལ་བའི་ལས་འགན་གལ་ཆེན་རྟུག་ཏུ་ཕྲག་ལ་བླངས་པ་དང་། རྩ་ལག་མཉམ་བཅོས་དང་གཞི་བརྟན་བས་འཕེལ་རྒྱུན་འཁྱོངས་བྱས་ཏེ། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་བསམ་པ་བཅས་ཀྱི་ནུས་ལྡུན་རྐྱེན་སྲོལ་བཙུགས་ཡོད། ལྔ། ལྕགས་རྡུང་བར་ཐོ་བ་མཁྲེགས་དགོས་པའི་བླང་བྱ་གལ་ཆེན་རྟག་ཏུ་སེམས་ལ་བཅངས་པ་དང་། བཅོས་སྒྱུར་གསར་གཏོད་སྙིང་སྟོབས་ཀྱིས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་རང་སྟེང་གི་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ཏང་དང་མི་དམངས་ཀྱི་གཞུང་དྲང་བློ་དཀར་གྱི་སྲུང་དམག་བཟང་པོ་བྱས་ཡོད།

ཚང་འཛོམས་གྲོས་ཚོགས་ནས་བསྟན་དོན། ཉིས་སྟོང་བཅུ་དགུ་ལོར། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བྱ་བས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་ཟབ་མོ་བྱས་ཏེ། ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གོ་གནས་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་པ། ཏང་ཀྲུང་དབྱང་གི་དབང་ཟིལ་དང་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་པ། གཏན་འཇགས་ཁྲོད་ནས་འཕེལ་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ། ཏང་གི་སྒྲིག་ཡིག་དང་རྩ་ཁྲིམས་ཀྱིས་གནང་བའི་འགན་ནུས་ལྷག་བསམ་རྣམ་དག་གིས་ལག་བསྟར་བྱེད་པ། ཏང་གི་ཆབ་སྲིད་འཛུགས་སྐྲུན་གྱིས་ཡོངས་ཁྱབ་ཏུ་བཀོད་འདོམས་བྱེད་པ། ཏང་ཨུ་ལ་གཞོགས་འདེགས་བྱས་ཏེ་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པ། སྒྲིག་ཁྲིམས་བཅའ་ཁྲིམས་ལས་ནན་པ་དང་སྒྲིག་ཁྲིམས་བཅའ་ཁྲིམས་ཀྱི་སྔོན་དུ་འཇོག་པ། སྒྲིག་འཛིན་ཁྲིམས་བསྟར་མཉམ་དུ་སྦྲེལ། ཁྲིམས་འཛིན་ལ་ནུས་ལྡན་གྱིས་སྦྲེལ་མཐུད་བྱེད་པ་བཅས་རྒྱུན་འཁྱོངས་བྱེད་པ། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པར་འཐབ་ཇུས་རང་བཞིན་གྱི་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་པ། རུལ་སུངས་ངོ་རྒོལ་འཐབ་རྩོད་ཀྱི་རྣམ་གནོན་རང་བཞིན་གྱི་རྒྱལ་ཁ་སྲ་བརྟན་དང་གོང་འཕེལ་དུ་གཏོང་བ། རུལ་སུངས་བྱེད་མི་ཕོད་པ་དང་རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པ་བཅས་གཞི་གཅིག་ཏུ་སྤེལ་བ། ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་འཐུས་ཚང་དུ་འཛུགས་པ་བཅས་བྱས་ཏེ། དུས་རབས་གསར་པའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཧུར་ཐག་གིས་མངོན་འགྱུར་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་མཐའ་གཅིག་ཏུ་ལག་བསྟར་དངོས་འབེབས་དོན་འཁྱོལ་ཡོང་བར་ཁག་ཐེག་བྱས་ནས། ཁྱད་དུ་འཕགས་པའི་གྲུབ་འབྲས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ཏེ་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་དགོས།

ཚང་འཛོམས་གྲོས་ཚོགས་ནས་རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་བཀོལ་ནས་ལངས་ཕྱོགས་ཇེ་བརྟན་དུ་གཏོང་བ་དང་ལག་ལེན་ལ་མཛུབ་སྟོན་བྱེད་པ། བྱ་བར་སྐུལ་འདེད་གཏོང་དགོས་ལ། དུས་དང་རྣམ་པ་ཀུན་ཏུ་སྲུང་སྐྱོབ་གཉིས་ལག་ལེན་ནན་མོ་བྱེད་པ་དང་དུས་དང་རྣམ་པ་ཀུན་ཏུ་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་བྱེད་ཕྱོགས་དང་རེ་བ་ལག་བསྟར་དང་དངོས་འབེབས་བྱེད་དགོས་པའི་རེ་བ་བཏོན།

གཅིག རྒྱུན་འཁྱོངས་ལྷོད་མེད་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པ་བརྗོད་དོན་གཙོ་བོ་ཡིན་པའི་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་དང་། གོ་བ་ཟབ་མོ་ལེན་པ་དང་དངོས་གཉེར་ནན་ཏན་བྱེད་པ། དག་ཐེར་ལེགས་སྒྲིག་བཅས་ཀྱི་ཐད་ལ་རྒྱུན་མཐུད་སྒོས་ཤུགས་འདོན་དགོས།

གཉིས། ཏང་གི་ཆབ་སྲིད་འཛུགས་སྐྲུན་གྱིས་ཡོངས་ཁྱབ་ཏུ་བཀོད་འདོམས་བྱས་ཏེ་རྦད་ཆོད་སྒོས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཙང་སེལ་བྱེད་དགོས། འདུ་ཤེས་བཞི་ལག་ལེན་བྱེད་པ་དང་ཏང་གི་སྒྲིག་ཡིག་དང་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་གཞན་དག་ལག་བསྟར་བྱེད་པ། ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས་དང་གྲོས་ཆོད་ལག་བསྟར་གནས་ཚུལ་ལ་ལྟ་རྟོག་བྱེད་པར་ཤུགས་སྣོན་དགོས། ཆབ་སྲིད་སྒྲིག་ལམ་དང་ཆབ་སྲིད་སྒྲིག་སྲོལ་གཟབ་ནན་དུ་བཏང་ནས་གཏམ་གང་འདོད་དུ་བཤད་པ་དང་གནས་ཚུལ་རྫུན་བཟོ་བྱེད་པ། འགན་གཡོལ་ཐབས་བྱེད་པ། བྱ་བར་ནུས་ཤུགས་མི་འདོན་པ་སོགས་ཀྱི་གནད་དོན་རྩད་གཅོད་དང་ཆད་གཅོད་ནན་མོ་བྱེད་དགོས།

གསུམ། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་སྒྲིག་སྲོལ་རྐྱེན་སྲོལ་གསར་སྐྲུན་བྱས་ཏེ། ལམ་ལུགས་ཀྱི་ཁྱད་སྟོབས་དེ་བཅོས་སྐྱོང་ཕན་ནུས་སུ་བསྒྱུར་དགོས། གོང་རིམ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་འོག་རིམ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལ་འགོ་ཁྲིད་པའི་ནུས་པ་ཇེ་ཆེར་བཏང་སྟེ། ཏང་ཨུ་ལ་གཞོགས་འདེགས་བྱས་ཏེ་ཏང་ཕྱོསག་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་འགན་འཁྲི་ལག་བསྟར་བྱེད་པ་དང་། རིགས་བགར་ཏེ་མངག་སྡོད་ལས་ཁུངས་ཀྱི་སྒྲིག་སྲོལ་རྐྱེན་སྲོལ་གསར་སྐྲུན་ལག་བསྟར་བྱེད་དགོས་ལ། རྒྱལ་ཁབ་ཀྱི་ལྟ་ཞིབ་སྒྲིག་སྲོལ་བཅོས་སྒྱུར་རྒྱུན་མཐུད་སྒོས་ཟབ་སྤེལ་བྱས་ནས་ལྟ་ཞིབ་མ་ལག་ཆ་ཚང་དང་འཐུས་ཚང་དུ་གཏོང་དགོས།

བཞི། ལྟ་རྟོག་འགན་འཁྲི་ཞིབ་ཕྲ་སྒོས་བསྒྲུབ་སྟེ་རྒྱུན་ལྡན་ལྟ་སྐུལ་དང་ཡུན་རིང་ལྟ་སྐུལ་ཐད་ནས་གསར་སྐྲུན་འཚོལ་ཞིབ་བྱེད་དགོས། ཀྲུང་དབྱང་གི་གཏན་འཁེལ་བརྒྱད་དང་དེའི་ལག་བསྟར་ཞིབ་ཕྲའི་སྒྲིག་སྲོལ་དགོངས་དོན་དངོས་འབེབས་བྱེ་པར་རྒྱུན་མཐུད་སྒོས་ལྟ་སྐུལ་ཞིབ་བཤེར་བྱས་ཏེ། རྒྱུན་འཁྱོངས་ལྷོད་མེད་བྱེད་པ་དང་སྤྱོད་ཚུལ་ལེགས་སྒྱུར་བྱེད་དགོས། རྣམ་པ་བཞི་བཀོལ་སྤྱོད་བཟང་བོ་བྱས་ཏེ་རྒྱུན་དུ་ལྟ་སྐུལ་བྱེད་པ་དང་རྒྱུན་རྣམ་ཆགས་པར་བྱེད་དགོས།

ལྔ། རྒྱུན་མཐུད་སྒོས་ཆབ་སྲིད་སྐོར་ཞིབ་བྱས་ཏེ་སྐོར་ཞིབ་ལྟ་ཞིབ་འཐབ་ཇུས་ཀྱི་རྣམ་པ་འཐུས་ཚང་དུ་གཏོང་དགོས།  རྒྱུན་སྲོལ་སྐོར་ཞིབ་དང་ཆེད་དོན་སྐོར་ཞིབ། འཕྲུལ་སྒུལ་སྐོར་ཞིབ་ལ་གཅིག་གྱུར་སྒོས་བཀོད་སྒྲིག་བྱས་ཏེ། དག་ཐེར་ལེགས་སྒྲིག་གཙོ་གཞིའི་འགན་འཁྲི་ཇེ་བརྟན་དུ་གཏོང་བ་དང་། དག་ཐེར་ལེགས་སྒྲིག་ལྟ་སྐུལ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བར་མ་ཟད། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་སྐོར་ཞིབ་ལྟ་ཞིབ་བྱ་བའི་འགོ་ཁྲིད་དང་མཛུབ་སྟོན་ལྟ་རྟོག་ལ་ཤུགས་སྣོན་དགོས།

དྲུག ནུས་ལྡན་སྒོས་གསོག་ཚད་ཇེ་ཉུང་དུ་གཏོང་བ་དང་ཕན་ནུས་ལྡན་པའི་སྒོ་ནས་འཕར་ཚད་ལ་ཚོད་འཛིན་བྱས་ཏེ། རུལ་སུངས་ངོ་རྒོལ་དང་འཐབ་རྩོད་ཀྱི་རྣམ་གནོན་རང་བཞིན་གྱི་རྒྱལ་ཁ་སྲ་བརྟན་དང་གོང་འཕེལ་དུ་གཏོང་དགོས། དབང་ཆ་གཅིག་བསྡུས་དང་མ་དངུལ་གཅིག་སྡུད། ཐོན་ཁུངས་ཕྱོགས་བསྡུས་ལས་ཁུངས་དང་ལས་རིགས་ཀྱི་ལྟ་རྟོག་ལ་ཤུགས་སྣོན་པ་དང་དངུལ་རྩའི་ཁྱབ་ཁོངས་ཀྱི་རུལ་སུངས་ལ་ངོ་རྒོལ་བྱེད་ཤུགས་ཇེ་ཆེར་བཏང་སྟེ། ཁྲིམས་ལྟར་ལྐོག་ཟ་བྱེད་པ་དང་ལྐོག་རྔན་ལེན་པ། དབང་ཆ་གང་འདོད་དུ་བཀོལ་བ། འགན་འཁྲི་སྣང་མེད་དུ་འཇོག་པ་སོགས་ཀྱི་འགན་འཁྲི་ཁྲིམས་འགལ་དང་འགན་འཁྲིའི་ནག་ཉེས་བཟོ་བར་རྩད་གཅོད་དང་ཆད་གཅོད་བྱེད་པ་དང་། རྦད་ཆོད་སྒོས་རང་ཁེ་གཉེར་བའི་ཚོགས་པས་འགོ་ཁྲིད་ལས་བྱེད་པར་སླུ་བྲིད་དང་བསླད་སྐྱོན་གཏོང་བར་འགོག་སྲུང་བྱེད་དགོས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་རྒྱལ་སྤྱིའི་བཅོས་སྐྱོང་ཁྲོད་དུ་ཞུགས་ཏེ་ཕྱིར་འགྲོ་བར་སྔོན་འགོག་དང་རྩད་གཅོད་པ་དང་བརྐུས་ནོར་ཕྱིར་ལེན་པའི་བྱ་བ་གཞི་གཅིག་ཏུ་སྤེལ་དགོས།

བདུན། མང་ཚོགས་ཀྱི་ཉེ་འགྲམ་གྱི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་ལ་རྒྱུན་མཐུད་ངང་བཅོས་སྐྱོང་བྱས་ནས། མི་དམངས་མང་ཚོགས་ལ་ཐད་ཀར་དང་མངོན་སུམ་གྱི་ཐོབ་ཚོར་དང་བདེ་སྣང་། སྐྱིད་སྣང་སྔར་ལས་མང་པོ་སྟེར་དགོས། དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་ལ་ཆེད་དོན་བཅོས་སྐྱོང་བྱེད་པའི་བྱ་བ་གཏིང་ཟབ་ཏུ་སྤེལ་དགོས། དམངས་ཚིས་ཁྱབ་ཁོངས་ཀྱི་ཆེད་དོན་བཅོས་སྐྱོང་བྱ་བ་སྤེལ་ནས། སློབ་གསོ་སྨན་བཅོས་དང་ཁོར་ཡུག་སྲུང་སྐྱོབ། ཟས་རིགས་སྨན་རྫས་བདེ་འཇགས་སོགས་ཕྱོགས་ཀྱི་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་སྐྱེལ་བའི་གནད་དོན་ཐག་གཅོད་དགོས། གཞི་རིམ་ལས་བྱེད་པའི་ཁྲིམས་འགལ་ལུགས་འགལ་གྱི་སྤྱོད་ཚུལ་ལ་ཞིབ་བཤེར་ནན་མོ་བྱེད་པ་དང་། ནག་ངན་སྟོབས་ཤུགས་འགེབ་སྲུང་བྱེད་མཁན་ལ་ཞིབ་བཤེར་ནན་མོ་བྱེད་དགོས།

བརྒྱད། ཆབ་སྲིད་ཀྱི་ཉམས་སད་ཐེག་དགོས་པ་དང་ནུས་པ་ཆེ་དགོས་པའི་རེ་བ་ལྟར། སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་དཔུང་སྡེའི་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། སྣེ་ཁྲིད་དེ་ཏང་གི་ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། རང་རྟོགས་སྒོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱེད་པ། སྣེ་ཁྲིད་དེ་ཏང་ཀྲུང་དབྱང་སེམས་བདེ་བ་དང་མི་དམངས་མང་ཚོགས་ཡིད་ཚིམ་པའི་དཔེ་སྟོན་ལས་ཁུངས་འཛུགས་སྐྲུན་བྱེད་དགོས། ཀུན་སྤྱོད་དང་སྒྲིག་ཁྲིམས་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ཁྲིམས་སྲོལ་ལྟར་འགན་ནུས་བསྒྲུབ་པ། ཁྱིམ་མི་དང་བུ་ཕྲུག ཉེ་འགྲམ་གྱི་ལས་བྱེད་མི་སྣ་བཅས་ལ་ཚོད་འཛིན་ནན་མོ་བྱེད་པ། སྒྲིག་ཁྲིམས་འཛིན་མཁན་སྒྲིག་ཁྲིམས་དང་འགལ་བ་དང་བཅའ་ཁྲིམས་འཛིན་མཁན་བཅའ་ཁྲིམས་དང་འགལ་བར་བཟོད་སྒོམ་སྤུ་ཙམ་ཡང་མི་བྱེད་པར། བློ་དཀར་བ་དང་བློ་རྩ་བརྟན་པ། ཁག་ཁུར་ཕོད་པ། སྒྲིག་ཁྲིམས་བརྩི་སྲུང་བྱེད་པ། སྲོལ་བཟང་སྤྱོད་གཙང་གི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་དཔུང་སྡེ་འཛུགས་སྐྲུན་བྱེད་དགོས།

ཚང་འཛོམས་གྲོས་ཚོགས་ནས་ཏང་གི་སྒྲིག་ཡིག་གི་གཏན་ཁེལ་ལྟར། བློ་མཐུན་ལུའུ་ཞི་ཀྲུང་གུང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལ་བདམས།

ཚང་འཛོམས་གྲོས་ཚོགས་ནས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཏན་ཏན་ཏིག་ཏིག་གིས་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་ནས། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ལག་བསྟར་ནན་མོ་བྱེད་པ་དང་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ་བཅས་ཀྱི་ཆེད་དུ་འབད་འཐབ་ལྷོད་མེད་བྱེད་དགོས་པའི་འབོད་སྐུལ་བཏང་།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།