གོ་ཧྲིན་ཁུན་གྱིས་ཨ་ཧྥུའུ་ཧན་ཙུང་ཐུང་གི་རྒྱལ་ཁབ་བདེ་འཇགས་བློ་འདོན་པ་མུའུ་ཞི་པུའུ་ལ་ཐུག་འཕྲད་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་དང་པོའི་ཚེས་བཅུ་གཅིག་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གོ་ཧྲིན་ཁུན་གྱིས་པེ་ཅིན་ནས་ཨ་ཧྥུའུ་ཧན་ཙུང་ཐུང་རྒྱལ་ཁབ་བདེ་འཇགས་བློ་འདོན་པ་མུའུ་ཞི་པུའུ་ལ་ཐུག་འཕྲད་བྱས།

གོ་ཧྲིན་ཁུན་གྱིས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཅ་ཉི་རྣམ་གཉིས་ཀྱིས་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཆིན་ཏོ་མཐོ་རིམ་གྲོས་ཚོགས་ཀྱི་སྐབས་སུ་ཐུག་འཕྲད་བྱས་ཏེ་ཀྲུང་གོ་དང་ཨ་ཧྥུའུ་ཧན་འབྲེལ་བའི་འཕེལ་རྒྱས་ཐད་ལ་ཁ་ཕྱོགས་གསལ་བོ་བསྟན། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་བཏོན་པའི་ཐུན་མོང་གི་ལྟ་ཚུལ་དངོས་འབེབས་བཟང་བོ་བྱས་ནས། ཀྲུང་གོ་དང་ཨ་ཧྥུའ་ཧན་བར་གྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བའི་ཆུ་ཚད་སྔར་ལས་ཇེ་མཐོར་གཏང་དགོས། ཀྲུང་གོ་ཕྱོགས་ཀྱི་ཁྲིམས་འཛིན་བདེ་འཇགས་ལས་ཁུངས་ཀྱིས་ཨ་ཧྥུའུ་ཧན་ཕྱོགས་དང་མཉམ་དུ་འཇིགས་སྐུལ་པར་ངོ་རྒོལ་དང་མཐའ་མཚམས་བདེ་འཇགས། ལས་ཁུངས་དང་མི་སྣའི་བདེ་འཇགས་འགན་སྲུང་བྱེད་པ་སོགས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། རྒྱལ་ཁབ་གཉིས་ཀྱི་བདེ་འཇགས་དང་འཕེལ་རྒྱས་ཁེ་ཕན་སྔར་ལས་སྲུང་སྐྱོབ་བྱེད་པ་དང་ས་གནས་ཀྱི་ཞི་བའི་བརྟན་འཇགས་ལ་སྐུལ་འདེད་གཏོང་འདོད་ཡོད་ཟེར།

མུའུ་ཞི་པུའུ་ཡིས་བཤད་རྒྱུར། ཨ་ཧྥུའུ་ཕྱོགས་ཀྱིས་མུ་མཐུད་དུ་རྦད་ཆོད་སྒོས་འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་བྱེད་པར་མ་ཟད་རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛིན་བདེ་འཇགས་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད་ཟེར།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།