ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཆི་ཧྲན་གྱིས་སི་ར་ལ་ཨོང་གི་ཕྱི་འབྲེལ་པུའུ་ཀྲང་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་ཟླ་དང་པོའི་ཚེས་བཅུ་གཅིག་ཉིན་ཀྲུང་ནན་ཧའེ་ནས་སི་ར་ལ་ཨོང་གི་ཕྱི་འབྲེལ་དང་རྒྱལ་སྤྱིའི་མཉམ་ལས་པུའུ་ཡི་པུའུ་ཀྲང་ཁཱ་པ་ལ་མཇལ་འཕྲད་གནང་།

ཝང་ཆི་ཧྲན་གྱིས་བསྟན་དོན། ཕན་ཚུན་ལ་བརྩི་བཀུར་བྱེད་རྒྱུ་ནི་རྒྱལ་ཁབ་བར་འབྲེལ་བ་འཛུགས་པ་དང་མི་དམངས་བར་མཐུན་སྒྲིལ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་ཡིན། ཀྲུང་གོས་སྔར་ནས་ད་བར་དུ་རྒྱལ་ཁབ་སོ་སོའི་རིག་གནས་དང་མི་དམངས་ཀྱིས་བདམས་པའི་བགྲོད་ལམ། ལམ་ལུགས་ལ་བརྩི་བཀུར་བྱེད་ཀྱིན་ཡོད་ལ། རྒྱལ་ཁབ་སོ་སོའི་བར་གྱི་རྒྱུས་ལོན་གཏིང་ཟབ་ཏུ་གཏོང་བ་དང་། ཡིད་རྟོན་ལ་ཤུགས་བསྣན་ནས། ཐུན་མོང་གི་དར་རྒྱས་གོང་འཕེལ་མངོན་འགྱུར་བྱེད་འདོད་ཡོད། ཀྲུང་གོ་དང་སི་ར་ལ་ཨོང་བར་འབྲེལ་བ་བཙུགས་པའི་ཚུན་དུ། རྒྱལ་ཁབ་གཉིས་ཀྱིས་ནམ་ཡང་ལྷག་བསམ་རྣམ་དག་དང་འདྲ་མཉམ་ཀྱི་ལྟ་སྟངས་འཛིན་པ། ཕན་ཚུན་རྒྱབ་སྐྱོར་བྱས་པ་ཡིན་ལ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིན་མཐོ་རིམ་གྲོས་ཚོགས་སྐབས་སུ། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་པིས་ཨོ་གཉིས་བར་ཐུན་མོང་གི་ལྟ་བ་གལ་ཆེན་བྱུང་ནས། མ་འོངས་པའི་ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ཐད་ཁ་ཕྱོགས་གསལ་བོ་བསྟན། ཕྱོགས་གཉིས་ཀྱིས་སྲོལ་རྒྱུན་གྱི་མཛའ་བརྩེ་སྲ་བརྟན་དུ་གཏོང་བ་དང་། ཕྱོགས་གཉིས་དང་ཕྱོགས་མང་ལས་དོན་ཁྲོད་ཀྱི་བརྗེ་རེས་མཐུན་སྦྱོར་ལ་ཤུགས་བསྣོན་པ། པེ་ཅིན་མཐོ་རིམ་གྲོས་ཚོགས་ཀྱི་འགུལ་སྐྱོད་ཆེན་པོ་བརྒྱད་སི་ར་ལ་ཨོང་ནས་མགྱོགས་མྱུར་སྒོས་ལག་བསྟར་བྱེད་པར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་འགོ་གཙོའི་ཐུན་མོང་གི་ལྟ་བ་ལག་བསྟར་ནན་མོ་བྱེད་དགོས་ཟེར། 

ཁཱ་པ་ཡིས་བསྟན་དོན། སི་ར་ལ་ཨོང་ཕྱོགས་ཀྱིས་སི་ར་ལ་ཨོང་དང་ཀྲུང་གོའི་མཛའ་བརྩེ་ལ་གཅེས་སྤྲས་བྱེད་ཀྱིན་ཡོད་པ་དང་། ཀྲུང་གོ་ཕྱོགས་ཀྱིས་རོགས་སྐྱོར་ཆེན་པོ་བྱས་པར་བཀའ་དྲིན་ཞུས་པ་ཡིན་ལ། ཀྲུང་གོའི་འཕེལ་རྒྱས་ཀྱི་ཉམས་མྱོང་ལ་དཔེ་བལྟ་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་དངོས་གཉེར་མཉམ་ལས་དང་ཕྱོགས་མང་ལས་དོན་ཐད་ཀྱི་མཐུན་སྦྱོར་གཏིང་ཟབ་ཏུ་སྤེལ་ནས། སི་ར་ལ་ཨོང་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བའི་རེ་བ་བཅངས་ཡོད་ཟེར།  

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།