ཀྲུང་གོ་བོད་ཀྱི་དྲ་བ།

དམངས་སྲིད་པུས་རྒྱལ་ཡོངས་སུ་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་མི་ཁྲི4620ཡོད་ཅེས་བསྟན་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-01-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཚེས3ཉིན་འཚོགས་པའི2019ལོའི་རྒྱལ་ཡོངས་ཀྱི་དམངས་སྲིད་ལས་དོན་གྱི་བརྙན་ལམ་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2018ལོའི་ཟླ9པ་བར། རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་གྱི་ཚད་གཞི་དུས་མཚུངས་ལས7.6%དང12.9%འཕར་བ་དང་། མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་མི་ཁྲི4620ཡོད་པ་དང་། རྒྱལ་ཡོངས་སུ་བསྙེན་བཀུར་བྱེད་དགོས་རིགས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དམིགས་བསལ་དཀའ་ངལ་ཡོད་པའི་མི་ཁྲི483ཡོད་པ་རེད། གཞན་ཡང་། དམངས་སྲིད་པུའུ་དང་ནོར་སྲིད་པུས《གནས་སྐབས་སྐྱོབ་རོགས་ལས་དོན་ལ་སྔར་བས་ཤུགས་སྣོན་དང་ལེཌ་སུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་ནས། ཞིབ་བཤེར་དང་ཞིབ་བཤེར་མཆན་འགོད་ཀྱི་གོ་རིམ་དང་སྐྱོབ་རོགས་ཚད་གཞི་ལེགས་སུ་དང་ཚད་ལྡན་དུ་བཏང་སྟེ། རིམ་ཁག་ནོར་སྲིད་ཀྱི་གཏོང་ཆ་དུས་མཚུངས་ལས་30%མང་དུ་བཏང་ནས་མི་ཐེངས་ཁྲི565.8ལ་སྐྱོབ་རོགས་བྱས་པས་ཆ་སྙོམས་སྐྱོབ་རོགས་ཆུ་ཚད་དུས་མཚུངས་ལས9.7%འཕར་ཡོད།

རྒན་གསོའི་ཐད་ཞིང་ཆེན་ཁག་ཚང་མས་ལོ་ན་མཐོ་བའི་ཁ་གསབ་ལམ་ལུགས་བཟོས་པ་དང་། ཞིང་ཆེན30ཡིས་ཞབས་ཞུའི་ཁ་གསབ་ལམ་ལུགས་བཟོས་པ། ཞིང་ཆེན29ཡིས་ནད་གཡོག་ཁ་གསབ་ལམ་ལུགས་བཟོས་པ། ཞིང་ཆེན20ཡིས་གཞིས་སྲུང་རྒན་རྒོན་གྱི་གཅེས་སྐྱོང་ཞབས་ཞུའི་ལམ་ལུགས་བཟོས་ཡོད། 2018ལོའི་ཟླ9པ་བར། ལོ་ན་མཐོ་བའི་ཁ་གསབ་དང་། ཞབས་ཞུའི་ཁ་གསབ། ནད་གཡོག་ཁ་གསབ་བཅས་ལོངས་སྤྱོད་བྱེད་མཁན་རྒན་རྒོན་ཁྲི2680དང་། ཁྲི354 ཁྲི61བཅས་སོ་སོར་ཟིན་ཡོད། རྒན་གསོ་ཁང་གི་ཞབས་ཞུའི་སྤུས་ཚད་ལེགས་གཏོང་གི་ཆེད་དོན་བྱ་སྤྱོད་གཏིང་ཟབ་སྤེལ་ཞིང་། 2018ལོའི་ཟླ9པ་བར་རྒྱལ་ཡོངས་སུ་རྒན་གསོའི་ཞབས་ཞུའི་སྒྲིག་གཞི་ཁྲི2.93ཙམ་དང་ཉལ་ཁྲི་ཁྲི732.54ཡོད་པ་རེད།

སྤྱི་ཚོགས་ལས་དོན་དོ་དམ་ཐད་དྭ་ཕྲུག་དང་བསྐྱུར་ཕྲུག་ཁྲི41རྒྱལ་ཁབ་ཀྱི་གསོ་སྐྱོང་ཁྱབ་ཁོངས་ནང་བཅུག་ནས་གཅིག་སྡུད་དང་ཁ་ཐོར་གྱི་ལྟ་རྟོག་ཚད་གཞི་མི་རེར་ཟླ་རེར་ཆ་སྙོམས་སྒོར1335དང་སྒོར913ཟིན་པ་དང་། ཤང་དང་གྲོང་རྡལ(སྲང་ལམ)གྱི་བྱིས་པར་ལྟ་སྐུལ་བ་ཁྲི4.46དང་། གྲོང་ཚོའི(གྲོང་ལྷན)བྱིས་པར་འགན་འཁུར་བ་ཁྲི61.53བཀོད་སྒྲིག་བྱས་ནས་ཁྱོན་ཡོངས་ལ་ཁྱབ་རྒྱུ་གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།