ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཁུ་པའི་གསར་བརྗེ་ལ་རྒྱལ་ཁ་ཐོབ་ནས་ལོ་དྲུག་ཅུ་ལོན་པའི་ཐད་ནས་ཁུ་པའི་འགོ་ཁྲིད་པར་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དང་པོའི་ཚེས་གཅིག་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁུ་པའི་གསར་བརྗེ་ལ་རྒྱལ་ཁ་ཐོབ་ནས་ལོ་དྲུག་ཅུ་ལོན་པའི་ཐད་ནས་ཁུ་པ་གུང་ཁྲན་ཏང་ཀྲུང་དབྱང་གི་ཧྲུའུ་ཅི་དང་པོ་ལའོ་ཨར་ཁ་སི་ཐི་ལོ་དང་ཁུ་པ་རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞོར་དུ་པུའུ་ཀྲང་གྲོས་ཚོགས་ཀྱི་ཀྲུའུ་ཞིའི་འགན་འཁུར་མཁན་ཏིས་ཡ་སི་ཁ་ནེ་ཨར་གཉིས་ལ་གློག་འཕྲིན་བཏང་སྟེ་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་སྲིད་གཞུང་། ཀྲུང་གོ་མི་དམངས་བཅས་ཀྱི་ཚབ་མཛད་དེ་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་ཧྲུའུ་ཅི་དང་པོ་ལའོ་ཨར་ལ་བཏང་བའི་གློག་འཕྲིན་ནང་གསུངས་རྒྱུར། ལོ་དྲུག་ཅུའི་རིང་ལ་ཁུ་པ་གུང་ཁྲན་ཏང་གི་ཡང་དག་པའི་འགོ་ཁྲིད་འོག ཁུ་པ་སྲིད་གཞུང་དང་མི་དམངས་ཀྱིས་དཀའ་སྤྱད་འབད་བརྩོན་བྱས་ཏེ་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ལས་དོན་ཁྲོད་དུ་གྲུབ་འབྲས་ཆེན་པོ་བླངས་པས། ཀྲུང་གོའི་ཏང་དང་སྲིད་གཞུང་། ཀྲུང་གོ་མི་དམངས་བཅས་ཀྱིས་གཟེངས་བསྟོད་དང་རྟེན་འབྲེལ་ཞུས་པ་ཡིན།  ཀྲུང་གོ་དང་ཁུ་པ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བས་རྒྱལ་སྤྱིའི་འགྱུར་ལྡོག་སྣ་ཚོགས་ཀྱི་ཉམས་སད་ཐེག་ཅིང་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་པ་དང་ང་ཚོ་གྲོགས་པོ་བཟང་བོ་དང་བློ་མཐུན་བཟང་བོ། སྤུན་ཟླ་བཟང་བོར་གྱུར་ཡོད། བདག་གིས་ཀྲུང་གོ་དང་ཁུ་པའི་མཛའ་མཐུན་འབྲེལ་བའི་འཕེལ་རྒྱས་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པར་མ་ཟད་ཁྱོད་དང་མཉམ་དུ་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྣེ་ཁྲིད་བྱེད་འདོད་ཡོད་ཟེར།

ཞི་ཅིན་ཕིང་གིས་ཀྲུའུ་ཞི་ཏིས་ཡ་སི་ཁ་ནེ་ཨར་ལ་བཏང་བའི་གློག་འཕྲིན་ནང་གསུངས་རྒྱུར། ཁུ་པའི་ཏང་དང་མི་དམངས་ཀྱིས་སྤྱི་ཚོགས་རིང་ལུགས་ལམ་ལུགས་སྔར་ལས་འཐུས་ཚང་དུ་འགྲོ་བར་འབད་བརྩོན་བྱེད་བཞིན་ཡོད་པས་ཁུ་པ་སྤྱི་ཚོགས་རིང་ལུགས་ལས་དོན་ཐད་ནས་འཕེལ་རྒྱས་གསར་བ་མངོན་འགྱུར་བྱེད་ངེས་ཡིན། བདག་གིས་ཁྱོད་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཀྲུང་གོ་དང་ཁུ་པའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཉིན་དེར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཀྱང་ཀྲུའུ་ཞི་ཏིས་ཡ་སི་ཁ་ནེ་ཨར་ལ་གློག་འཕྲིན་བཏང་། ལིས་ཁི་ཆང་གིས་གསུངས་རྒྱུར། དེང་སྐབས་ཁུ་པ་རྒྱལ་ཁབ་ཀྱི་ལས་དོན་ཉིན་རེར་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པས་སྔར་ལས་མཛེས་པའི་མ་འོངས་པར་བསུ་མ་བྱེད་ངེས་ཡིན། ཀྲུང་གོ་དང་ཁུ་པས་ཕན་ཚུན་ལ་བཟོད་སྒོམ་དང་ཕན་ཚུན་ལ་རྒྱབ་སྐྱོར་བྱས་པ་དང་། ཀྲུང་གོ་དང་ཁུ་པའི་འབྲེལ་བ་ཁྱོན་ཡོངས་ནས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད། ཀྲུང་གོ་དང་ཁུ་པ་ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་འོག རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་བཤེས་ཐད་ནས་གྲུབ་འབྲས་གསར་བ་ཐོབ་པར་སྨོན་འདུན་ཞུས་པ་ཡིན་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།