ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་བཞི་བཅུ་ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་ལ་ས་གནས་སོ་སོའི་ལས་རིགས་སོ་སོའི་དོ་སྣང་ཆེན་པོ་ཐོབ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-12-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ12པའི་ཚེས18ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་འཁོར་བཞི་བཅུ་ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་ནི་དུས་རབས་གསར་བའི་བཅོས་སྒྱུར་སྒོ་འབྱེད་ལ་བསྒྲགས་གཏམ་ཡི་གེ་གསར་བ་དང་སྐུལ་སློང་བཀའ་ཁྱབ་གསར་བ་ཡང་བསྐྱར་བཏོན་པ་ཡིན། ས་གནས་སོ་སོའི་ལས་རིགས་སོ་སོ་དང་རིགས་སོ་སོའི་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་མཛུབ་སྟོན་དུ་བཟུང་སྟེ་བཅོས་སྒྱུར་སྒོ་འབྱེད་མཐའ་འཁྱོལ་བར་བྱས་ནས་དུས་རབས་གསར་བར་ཀྲུང་ཧྭ་མི་རིགས་ཀྱི་ལས་དོན་ཐད་ལ་བྱས་རྗེས་སྔར་ལས་ངོ་མཚར་ཅན་གསར་སྐྲུན་བྱེད་ངེས་ཡིན་ཞེས་བཤད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ལས་བསྟན་དོན། བཅོས་སྒྱུར་སྒོ་འབྱེད་ཀྱིས་ཀྲུང་གོའི་རྣམ་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རྣམ་པ། ཀྲུང་གོ་མི་དམངས་ཀྱི་རྣམ་པ། ཀྲུང་གོ་གུང་ཁྲན་ཏང་གི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་དུ་བཅུག ཀྲུང་ཧྭ་མི་རིགས་ཀྱིས་ཡར་ལངས་པ་དང་ཕྱུག་པོར་གྱུར་བ་ནས་སྟོབས་ལྡན་དུ་འགྱུར་བའི་རླབས་ཆེན་མཆོང་སྐྱོད་བསུས་པ་དང་ཀྲུང་གོ་མི་དམངས་ཀྱིས་ཁ་རྒྱབ་གནད་དོན་ཐག་གཅོད་པ་ནས་འབྱོར་འབྲིང་ཕྱུག་སྒྱུར་གྱི་རླབས་ཆེན་མཆོང་སྐྱོད་བསུས་བྱུང་། ཚང་མས་བཤད་རྒྱུར། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱས་ཏེ། བློ་བརྟན་འགྱུར་མེད་སྒོས་བཅོས་སྒྱུར་ཟབ་སྤེལ་དང་སྒོ་འབྱེད་རྒྱ་བསྐྱེད་ནས་སྔར་ལས་འོད་སྟོང་འབར་བའི་གྲུབ་འབྲས་གསར་སྐྲུན་བྱེད་ངེས་ཡིན་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།