ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱིས་ཏང་ཙུའུ་ཡིས་ཏང་ཡོན་ལ་ཆད་པ་གཅོད་པའི་དོན་དག་གི་གོ་རིམ་ལ་གྲོས་བསྡུར་དང་ཐག་གཅོད་བྱས་པའི་ལག་བསྟར་ཚོད་ལྟའི་གཏན་འཁེལ་འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-12-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱིས་ཏང་ཙུའུ་ཡིས་ཏང་ཡོན་ལ་ཆད་པ་གཅོད་པའི་དོན་དག་གི་གོ་རིམ་ལ་གྲོས་བསྡུར་དང་ཐག་གཅོད་བྱས་པའི་ལག་བསྟར་ཚོད་ལྟའི་གཏན་འཁེལ་འགྲེམ་སྤེལ་བྱས་པར་མ་ཟད་བརྡ་ཐོ་བཏང་སྟེ་ས་གནས་སོ་སོ་དང་ལས་ཁུངས་སོ་སོས་ནན་ཏན་སྒོས་ལག་བསྟར་བྱེད་དགོས་པའི་རེ་བ་བཏོན།

གཏན་འཁེལ་འདིར་བསྡོམས་པས་དོན་ཚན་བཅུ་གསུམ་ཡོད་པ་དང་། 2019ལོའི་ཟླ1པོའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་དང་སྔོན་ལ་གཏན་འཁེལ་བྱས་པའི་འབྲེལ་ཡོད་གཏན་འཁེལ་དང་ཐེངས་འདིའི་གཏན་འཁེལ་གཉིས་གཅིག་འདྲ་མིན་པས་ཐེངས་འདིའི་གཏན་འཁེལ་ལྟར་ལག་བསྟར་བྱེད་དགོས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།