ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཀྲན་ཧྲུའུ་ཡིས་ཐའེ་གོའི་ཁྲིམས་འཛུགས་གྲོས་ཁང་གི་ཀྲུའུ་ཞི་དང་གྲོས་མོལ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-12-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20181213102015pxNu.jpg

ཟླ་བཅུ་གཉིས་པའི་ཚེས་བཅུ་གཉིས་ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཐའེ་གོའི་ཁྲིམས་འཛུགས་གྲོས་ཁང་གི་ཀྲུའུ་ཞི་ཕུན་པེ་དང་གྲོས་མོལ་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ཚེས་བཅུ་གཉིས་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཐའེ་གོའི་ཁྲིམས་འཛུགས་གྲོས་ཁང་གི་ཀྲུའུ་ཞི་ཕུན་པེ་དང་གྲོས་མོལ་མཛད།

ལིས་ཀྲན་ཧྲུའུ་ཡིས་གསུངས་རྒྱུར། ཀྲུང་གོ་དང་ཐའེ་གོ་གཉིས་ནི་ཁྱིམ་མཚེས་རྒྱལ་ཁབ་ཡིན་པ་དང་། འབྲེལ་བ་བཟང་ཞིང་རིག་གནས་གཅིག་འདྲེས་དང་དཔལ་འབྱོར་མཉམ་བསྲེས་བྱས་ཡོད། ད་ལོར། ཕྱོགས་གཉིས་ཀྱིས་ན་ནིང་གི་ཟླ་དགུ་བའི་ནང་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ལི་པཱ་ཡུས་གཉིས་ཀྱིས་ཞཱ་མིན་ནས་གྲོས་མོལ་མཛད་སྐབས་བྱུང་བའི་ཐུན་མོང་གི་ལྟ་བ་ལག་ལེན་མཐར་ཕྱིན་བྱས་ཏེ། ཁྱབ་ཁོངས་སོ་སོའི་མཉམ་ལས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་རྒྱུད་གཅིག་ལམ་གཅིག་གྲོས་གཞི་དང་ཐའེ་གོའི་བཞི་ཚེག་གཅིག་དང་ཤར་རྒྱུད་ཀྱི་དཔལ་འབྱོར་བར་ཁྱམས་སོགས་འཕེལ་རྒྱས་འཐབ་ཇུས་ཕན་ཚུན་སྦྲེལ་མཐུན་བྱེད་པ་དང་། མཉམ་འབྲེལ་མཉམ་མཐུད་འཛུགས་སྐྲུན་ལ་ཤུགས་སྣོན་པ། རྨང་གཞི་སྒྲིག་ཆས་དང་ཐོན་ནུས། མཉམ་འབྲེལ་དྲ་རྒྱའི་དངུལ་རྩ། ཚན་རྩལ། གནས་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་བཟང་བོར་སྤེལ་ནས། ས་གནས་ཀྱི་མཉམ་ལས་དང་མཉམ་དུ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས་ཟེར།

ལིས་ཀྲན་ཧྲུའུ་ཡིས་གསུངས་རྒྱུར། ཀྲུང་གོའི་འཕེལ་རྒྱས་དེ་འཛམ་གླིང་དང་ཁ་འབྲལ་ཐབས་མེད་ལ། འཛམ་གླིང་འཕེལ་རྒྱས་སུ་གཏོང་ན་ཡང་ཀྲུང་གོ་ཧ་ཅང་མཁོ། ད་ལོ་ནི་ཀྲུང་གོས་བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་འཁོར་བཞི་བཅུ་ལོན་པའི་ལོ་ཡིན་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོའི་སྒོ་ནམ་ཡང་རྒྱག་མི་སྲིད་པར་སྔར་ལས་ཆེ་རུ་འབྱེད་རྒྱུ་ཡིན་ཞེས་བསྟན་པ་མ་ཟད། སྒོ་འབྱེད་རྒྱ་སྐྱེད་པའི་བྱེད་ཐབས་རབ་དང་རིམ་པ་ཁྱབ་བསྒྲགས་བྱས་པ་དེས་རྒྱལ་ཁབ་སོ་སོར་གོ་སྐབས་སྔར་ལས་མང་པོ་འདོན་སྤྲོད་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་མིའི་རིགས་ཀྱི་ལས་སྐལ་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་པའི་འདུ་ཤེས་ལྟར། ཆུ་ཚད་སྔར་ལས་མཐོན་པོའི་སྟེང་ཕྱི་ཕྱོགས་སྒོ་འབྱེད་སྤེལ་བ་རྒྱུན་འཁྱོངས་བྱས་ནས། རྒྱལ་ཁབ་སོ་སོ་དང་ལྷག་པར་དུ་མཐའ་འཁོར་ཁྱིམ་མཚེས་རྒྱལ་ཁབ་དང་མཉམ་དུ་སྟོབས་ལྡན་དང་འཕེལ་རྒྱས་སུ་གཏོང་བར་བརྩོན་ལེན་བྱེད་རྒྱུ་ཡིན་ཟེར།

ཕུན་པེ་ཡིས་བཤད་རྒྱུར། ཐའེ་གོ་ཕྱོགས་ཀྱི་རྒྱུད་གཅིག་ལམ་གཅིག་གི་གྲོས་གཞི་དང་དུ་ལེན་པ་དང་། ཀྲུང་གོ་ཕྱོགས་བར་གྱི་མཉམ་འབྲེལ་མཉམ་མཐུད་འཛུགས་སྐྲུན་དང་དཔལ་འབྱོར་ཉོ་ཚོང་འགྲོ་འོང་ལ་ཤུགས་སྣོན་པ། ཚན་རྩལ་གསར་གཏོད་དང་སློབ་གསོ། གནས་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད། ཐའེ་གོའི་ཁྲིམས་འཛུགས་གྲོས་ཁང་གིས་ཀྲུང་གོའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་བར་གྱི་འགྲོ་འོང་དམ་ཟབ་ཏུ་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ཐད་བྱས་རྗེས་འཇོག་འདོད་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།