ཀྲུང་གོ་བོད་ཀྱི་དྲ་བ།

རིག་གནས་དང་ཡུལ་སྐོར་པུའུ་སོགས་སྡེ་ཚན17གྱིས་གྲོང་གསེབ་ཀྱི་ཡུལ་སྐོར་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་ཁག་ལྔ་ཁ་གསལ་བཟོས་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2018-12-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས10ཉིན། གསར་འགོད་པར་རིག་གནས་དང་ཡུལ་སྐོར་པུའུ་ནས་ཤེས་རྟོགས་བྱུང་གསལ། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་འཆར་འགོད་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། གྲོང་གསེབ་ཡུལ་སྐོར་གྱི་སྤུས་ཚད་མཐོ་རུ་དང་ལས་ཆོད་ཆེ་རུ་འགྲོ་བར་སྐུལ་འདེད་གཏོང་བ། གྲོང་གསེབ་ཀྱི་ཡུལ་སྐོར་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་མགྱོགས་མྱུར་ཆགས་པར་བྱ་ཆེད། ཉེ་ཆར། རིག་གནས་དང་ཡུལ་སྐོར་པུའུ་དང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་སོགས་སྡེ་ཚན17གྱིས《གྲོང་གསེབ་ཀྱི་ཡུལ་སྐོར་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ་རེད།

བསམ་འཆར་ནང་གྲོང་གསེབ་ཀྱི་ཡུལ་སྐོར་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་ཁག་ལྔ་ཁ་གསལ་བཟོས་ཡོད་པ་སྟེ། དེའི་ནང་འཆར་འགོད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་ས་ཁོངས་བཀོད་ཇུས་བཟང་སྒྲིག་བྱས་ཏེ་གྲོང་གསེབ་ཀྱི་ཡུལ་སྐོར་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ་དང་སྤྱི་པའི་ཞབས་འདེགས་ཆུ་ཚད་མཐོ་རུ་གཏོང་བ། གྲོང་གསེབ་ཀྱི་ཡུལ་སྐོར་ཁོར་ཡུག་ལེགས་སུ་གཏོང་བ། གྲོང་གསེབ་ཀྱི་ཡུལ་སྐོར་སྟབས་བདེ་ཅན་ལ་སྐུལ་འདེད་གཏོང་བ། རིག་གནས་ཀྱི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ་དང་ཐོན་རྫས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ། གྲོང་གསེབ་ཀྱི་ཡུལ་སྐོར་ཐོན་རྫས་རིགས་ཕུན་སུམ་ཚོགས་སུ་གཏོང་བ། གྲོང་གསེབ་ཀྱི་ཡུལ་སྐོར་ཞབས་འདེགས་དོ་དམ་གྱི་ཆུ་ཚད་མཐོ་རུ་གཏོང་བ། ཡུལ་སྐོར་གྱི་སྤུས་རྟགས་གསར་གཏོད། ཁྲོམ་རའི་གཉེར་ཚོང་བྱེད་ཤུགས་ཆེ་རུ་གཏོང་བ། གྲོང་གསེབ་ཀྱི་ཡུལ་སྐོར་སྤུས་རྟགས་ཀྱི་མ་ལག་སྐྱེད་སྲིང་དང་སྐྲུན་པ། གྲོང་གསེབ་ཀྱི་ཡུལ་སྐོར་གཉེར་ཚོང་བྱ་ཐབས་གསར་གཏོད། ཞིང་པར་ཕན་པ་ཐོབ་རྒྱུར་མཐོང་ཆེན། དབུལ་སྒྲོལ་འགག་སྒྲོལ་ལ་རོགས་སྐྱོར། འཕེལ་རྒྱས་ཀྱི་བྱ་ཐབས་ཁྱབ་སྤེལ་གཏོང་བར་འཚོལ་ཞིབ། ཁེ་ཕན་ཟུང་འབྲེལ་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་ཚུད་ཡོད་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།