ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང་གིས་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་བཙུགས་ནས་ལོ་འཁོར་དྲུག་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་རིག་རྩལ་དགོངས་ཚོགས་ལ་བལྟས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-12-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ12པའི་ཚེས9ཉིན་གྱི་དགོང་མོར། ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་བཙུགས་ནས་ལོ་འཁོར་དྲུག་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་རིག་རྩལ་དགོང་ཚོགས་ཀོང་ཞི་རིག་གནས་སྒྱུ་རྩལ་ལྟེ་གནས་ནས་ཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི། ཀྲུང་དབྱང་འཐུས་ཚབ་ཚོགས་པའི་ཚོགས་གཙོ་ཝང་དབྱང་དང་རིགས་སོ་སོ་དང་ལས་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་སོགས་མི་དགུ་བརྒྱ་ལྷག་གིས་འཁྲབ་སྟོན་ལ་བལྟས།

དགོང་ཚོགས་དེ་ལེ་ཚན་བཅུ་བཞི་དང་ཀོང་ཞིའི་གཏམ་རྒྱུད་བཞི་ཡིས་གྲུབ་པ་དང་། གཙོ་བོར་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཀོང་ཞི་ལ་མཐོང་ཆེན་དང་ཐུགས་ཁུར་ཆེན་པོ་གནང་བ་མཚོན་པར་བྱས་ཡོད་པ་དང་། རང་སྐྱོང་ལྗོངས་བཙུགས་ནས་ལོ་འཁོར་དྲུག་ཅུ་ལོན་པ་དང་བཅོས་བསྒྱུར་སྒོ་འབྱེད་སྤེལ་ནས་ལོ་ངོ་བཞི་བཅུའི་ཚུན་དང་། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ་ཀོང་ཞིའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་བླངས་པའི་འོད་སྟོང་འབར་བའི་གྲུབ་འབྲས་ལ་བསྔགས་བརྗོད་བྱས་ཡོད།

ཀྲུང་དབྱང་འཐུས་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་སུང་ཁྲུན་ལན་དང་ཡའོ་ཆོན། པད་མ་འཕྲིན་ལས། མཱ་པིའོ། པ་ཐུར། མིའོ་ཧྭ་བཅས་གོང་གི་བྱ་འགུལ་ལ་ཞུགས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།