ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཀྲན་ཧྲུའུ་ཡིས་ཐུར་ཁེ་རྒྱལ་དམངས་གྲོས་ཁང་ཆེན་མོའི་གྲོས་དཔོན་ཡེ་ཨར་ཏི་ལེ་མུའུ་དང་གྲོས་མོལ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-12-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་བཅུ་གཉིས་པའི་ཚེས་གསུམ་ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཐུར་ཁེ་རྒྱལ་དམངས་གྲོས་ཁང་ཆེན་མོའི་གྲོས་དཔོན་ཡེ་ཨར་ཏི་ལེ་མུའུ་དང་གྲོས་མོལ་མཛད།

ལིས་ཀྲན་ཧྲུའུ་ཡིས་གསུངས་རྒྱུར། ཀྲུང་གོས་བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་བཞི་བཅུའི་རིང་ལ་གྲུབ་འབྲས་ཆེན་པོ་བླངས་ནའང་སྔར་བཞིན་དུ་འཛམ་གླིང་སྟེང་དུ་ཆེས་ཆེ་བའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཡིན། ང་ཚོས་འབད་བརྩོན་བྱས་ཏེ་བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱས་ནས་མི་དམངས་ཡོངས་ལ་སྔར་ལས་འབྱོར་ཕྱུག་ལྡན་པའི་འཚོ་བ་སྐྱིད་པོ་ཞིག་རོལ་དུ་འཇུག་ངེས་ཡིན། ཀྲུང་གོས་ལག་བསྟར་བྱེད་པ་ནི་ཞི་བདེ་ཕྱི་འབྲེལ་སྲིད་ཇུས་ཡིན་པ་དང་འདོད་ཚུལ་ནི་ཕན་ཚུན་ལ་བརྩི་འཇོག་དང་མཉམ་ལས་མཉམ་རྒྱལ་ཡིན་པས། རྒྱལ་ཁབ་སོ་སོ་དང་མཉམ་དུ་མཛའ་མཐུན་མཉམ་ལས་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ནུས་པ་འདོན་ངེས་ཡིན། དེ་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྣམ་པ་གསར་བའི་རྒྱལ་སྤྱིའི་འབྲེལ་བ་གསར་སྐྲུན་བྱེད་པ་དང་མིའི་རིགས་ཀྱི་ལས་སྐལ་གཅིག་འབྲེལ་གྱི་ཐུན་མོང་ཚོགས་པ་གསར་སྐྲུན་བྱེད་པའི་གྲོས་གཞི་བཏོན་པའི་དོན་སྙིང་གལ་ཆེན་ཡིན་ཟེར།

ལིས་ཀྲིན་ཧྲུའུ་ཡིས་གསུངས་རྒྱུར། ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་གྱིས་ཐུར་ཁེ་རྒྱལ་དམངས་གྲོས་ཁང་ཆེན་མོ་དང་མཉམ་དུ་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་ཏེ།  རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་བཏོན་པའི་ཐུན་མོང་གི་ལྟ་ཚུལ་དངོས་འབེབས་བྱེད་རྒྱུ་ལས་འགན་གཙོ་བོར་འཇོག་པ་དང་།  ཧུར་ཐག་སྒོས་རིམ་པ་སོ་སོའི་མཛའ་མཐུན་འགྲོ་འོང་ཇེ་མང་དུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོང་སོ་སོའི་དངོས་གཉེར་མཉམ་ལས་ཐད་ལ་བཅའ་ཁྲིམས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་འདོད་ཡོད་ཟེར།

ཡེ་ཨར་ཏི་ལེ་མུའུ་ཡིས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་ཀྱིས་མཛའ་མཐུན་འགྲོ་འོང་ལ་སྔར་ལས་ཤུགས་སྣོན་པ་དང་ཧུར་ཐག་སྒོས་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་རྒྱབ་སྐྱོར་བྱས་ནས། ཐུར་ཁེ་དང་ཀྲུང་གོའི་འབྲེལ་བའི་འཕེལ་རྒྱས་ཐད་ལ་གསོན་ཤུགས་གསར་བ་སྣོན་དགོས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།