ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོའི་གྲོང་ཁྱེར་གྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་ལྟ་ཞིབ་ཚད་ལེན་གྱི་སྙན་ཞུ་ཁྱབ་བསྒྲགས་བྱས་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2018-11-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་དུས《ཀྲུང་གོའི་གྲོང་ཁྱེར་གྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་ལྟ་ཞིབ་ཚད་ལེན་གྱི་སྙན་ཞུ། 2018》པེ་ཅིང་དུ་ཁྱབ་བསྒྲགས་བྱས་ཤིང་། སྙན་ཞུའི་ནང་། 2017ལོར་ཀྲུང་གོས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་སྟོན་གྲངས97.06ལ་སླེབས་ནས་ལོ་བདུན་བསྟུད་མར་ཆེས་ཆེར་འཕར་ཏེ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་ཐུབ་པ་བྱེད་པའི་རྣམ་པ་བཟང་པོ་ཞིག་མངོན་ལུགས་བསྟན་ཡོད།

སྙན་ཞུའི་ནང་། ཀྲུང་གོའི་ས་ཁུལ་རིམ་པའི་གྲོང་ཁྱེར་གྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་སྟོན་གྲངས་ཀྱི་མདུན་གྲལ་གྲོང་ཁྱེར100ཞིང་ཆེན་ཉེར་བདུན་ལ་ཁྱབ་ཡོད་པ་དང་། དེའང་ཀྲེ་ཅང་དང་། ཅང་སུའུ། ཧྲན་ཏུང་། ཀོང་ཏུང་། ཧྥུའུ་ཅན་བཅས་ཀྱི་གྲངས་འབོར་མང་ཤོས་ཡིན་པ་དང་། རྫོང་རིམ་པའི་གྲོང་ཁྱེར་གྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་སྟོན་གྲངས་ཀྱི་མདུན་གྲལ་དུ་ཡོད་པའི་གྲོང་ཁྱེར100དེ་དག་གཙོ་བོ་ཞིང་ཆེན་ཉེར་གསུམ་ལ་ཁྱབ་ཡོད་པ་དང་། དེའང་ཀྲེ་ཅང་དང་། ཅང་སུའུ། ཧྲན་ཏུང་། ཧྥུའུ་ཅན། ཧོ་ནན། ཤིན་ཅང་བཅས་ལ་གྲངས་འབོར་མང་ཤོས་ཡིན་པ་མངོན་ཡོད། སྙན་ཞུ་དེ་ཀྲུང་གོའི་ཆ་འཕྲིན་མཐུན་ཚོགས་ཀྱི་ཡིད་རྟོན་ཆེད་ལས་ཨུ་ལྷན་དང་རང་ཚུགས་ཀྱི་ཕྱོགས་གསུམ་པའི་སྒྲིག་གཞིའི་འགྲན་ནུས་ཇུས་འདོན་ཚོགས་པ་དང་མཉམ་དུ་རྩོམ་འབྲི་བྱས་པ་ཞིག་རེད། དེའི་ནང2017ལོར་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར31དང་གྲོང་ཁྱེར657ལ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་ལྟ་ཞིབ་ཚད་ལེན་བྱས་པ་མ་ཟད། དུས་རབས་གསར་པར་ཀྲུང་གོས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་སྤྱི་ཚོགས་ཀྱི་དཔེ་མཚོན་གྲོང་ཁྱེར་དང་ཕུལ་བྱུང་གྲོང་ཁྱེར་སོགས་ཀྱི་མིང་གཞུང་ཁྱབ་བསྒྲགས་ཀྱང་བྱས་ཡོད་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།