ཀྲུང་གོ་བོད་ཀྱི་དྲ་བ།

“ཟླ12པའི་ཚེས12ཉིན”ཀྱི་སྤྱི་ཚོགས་འབྲེལ་བའི་དྲ་ཐོག་ཚོང་དོན་གྱིས་གནད་སྨིན་དབུལ་སྐྱོར་བྱེད་སྒོ་སྤེལ་རྒྱུ་ཡིན་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2018-11-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  “མི་དམངས་ཀྱིས་དགའ་ཤོས་བྱེད་པའི་ཐའོ་པའོ་ཡི“12ཆའི་ཅ་དངོས་འདེམས་པའི་མཐའ་བསྡུར་གྱི་སྤྱི་ཚོགས་འབྲེལ་བའི་དྲ་ཐོག་ཚོང་དོན་གྱི་གནད་སྨིན་དབུལ་སྐྱོར་བྱ་སྤྱོད”ཀྱི་བྱེད་སྒོ་ཉེ་ཆར་པེ་ཅིང་དུ་འགོ་ཚུགས་པ་དང་། བྱེད་སྒོ་དེ་བཟོ་འཕྲིན་པུའི་ཀྲུང་གོའི་དྲ་ཐོག་ཚོང་དོན་མཐུན་ཚོགས་ཀྱི་དབུལ་སྐྱོར་གཞུང་དོན་ཁང་དང་། ཀྲུང་གོའི་དྲ་ཐོག་ཚོང་དོན་མཐུན་ཚོགས་ཀྱི་སྤྱི་ཚོགས་འབྲེལ་བའི་དྲ་ཐོག་ཚོང་དོན་ཆེད་དོན་ཨུ་ལྷན་གྱིས་ཐའོ་པའོ་ཚོགས་པ་དང་མཉམ་དུ་གཙོ་གཉེར་བྱས་པ་ཞིག་རེད།

ངོ་སྤྲོད་བྱས་པར་གཞིགས་ན། “མི་དམངས་ཀྱིས་དགའ་ཤོས་བྱེད་པའི་ཐའོ་པའོ་ཡི“12ཆའི་ཅ་དངོས་འདེམས་པའི་མཐའ་བསྡུར”གྱི་བྱེད་སྒོ་དེ་ཟླ12པའི་ཚེས12ཉིན་མཇུག་འགྲིལ་རྒྱུ་དང་། བྱེད་སྒོའི་ཁྲོད་ཐའོ་པའོ་ཚོགས་པས་འཛད་སྤྱོད་པ་གདན་ཞུ་བྱས་ཏེ་ཀུན་གྱིས་དགའ་པོ་བྱེད་པའི་དབུལ་སྐྱོར་གྱི་སྤུས་ལེགས་ཞིང་ལས་ཐོན་ཟོག30བདམས་ནས“མི་དམངས་ཀྱིས་དགའ་པོ་བྱེད་པའི་ཅ་དངོས”ལ་འགྱུར་རྒྱུ་ཡིན་ཞིང་། “12ཆའི”ཀྲུང་གོ་དྲ་ཐོག་ཚོང་དོན་མཐུན་ཚོགས་ཀྱི་དབུལ་སྐྱོར་གཞུང་དོན་ཁང་དང་། ཀྲུང་གོ་དྲ་ཐོག་ཚོང་དོན་མཐུན་ཚོགས་ཀྱི་སྤྱི་ཚོགས་འབྲེལ་བའི་དྲ་ཐོག་ཚོང་དོན་ཆེད་དོན་ཨུ་ལྷན། ཐའོ་པའོ་ཚོགས་པ། ཀྲུང་དབྱང་གི་སྨྱན་སྦྱོར་བཅས་ཀྱིས་འདེམས་ཤོག་འཕངས་ནས་དྲ་བའི་ཐོག་རྒྱུག་ཆེ་བའི་ཞིང་ལས་ཐོན་ཟོག་འདེམས་པ་དང་། སྨྱན་སྦྱོར་དང་ཁེ་ལས་ཀྱིས་རྩིས་ལེན་བརྒྱུད་སྤེལ། རྒྱབ་སྐྱོར་བརྒྱུད་བསྐུར་བྱེད་པ་སོགས་ཀྱི་གསར་གཏོད་བྱེད་སྟངས་བརྒྱུད་རྫོང་དབུལ་པོའི་ཁྱད་ལྡན་ཞིང་ལས་ཀྱི་དམིགས་བསལ་ཐོན་ཟོག་བྲིན་ཚོང་ལ་སྐུལ་མ་བཏང་ནས་དུད་ཚང་དབུལ་པོའི་འབབ་འཕར་དབུལ་སྒྲོལ་ལ་རོགས་པ་བྱ་རྒྱུ་ཡིན་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།