ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་མཛེས་རྩལ་ཁང་དུ་ཐང་ཀའི་སྒྱུ་རྩལ་གྱི་རྩེར་སོན་བརྩམས་ཆོས་འགྲེམས་སྟོན་བྱས་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2018-11-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། ཀྲུང་གོ་མཛེས་རྩལ་ཁང་དུ“ཀྲུང་གོའི་ཐང་ཀའི་སྒྱུ་རྩལ་གྱི་རྩེར་སོན་བརྩམས་ཆོས”རྒྱལ་ནང་དུ་སྐོར་འགྲེམས་ཀྱི་པེ་ཅིང་འགྲེམས་སྟོན་གཉེར་བ་རེད། ཀྲུང་གོ་རྒྱལ་སྤྱིའི་ཐང་ཀའི་སྒྱུ་རྩལ་དུས་ཆེན་ཐོག་བྱ་དགའ་ཐོབ་པའི་བརྩམས་ཆོས་དང་། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་འཐུས་ཚབ་རང་བཞིན་ལྡན་པའི་རྒྱུན་འཛིན་པ། དེ་བཞིན་ཕར་ཆིན་དང་། འཚེམ་དྲུབ། ཕྲ་རྒྱན་བཅས་ཀྱི་ལག་རྩལ་ཆེ་མོ་བའི་ཐང་ཀའི་སྒྱུ་རྩལ་གྱི་བརྩམས་ཆོས་གཅིག་སྡུད་འགྲེམས་སྟོན་བྱས་ཡོད་པ་རེད།

ད་རེས་ཀྱི་འགྲེམས་སྟོན་ནི་བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གིས་མཛུབ་ཁྲིད་དང་བོད་ལྗོངས་རིག་གནས་འཕེལ་རྒྱས་སྐུལ་འདེད་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པ་དང་། རྒྱལ་ཁབ་སྒྱུ་རྩལ་ཐེབས་རྩས་བརྒྱུད་བསྒྲགས་དང་། སྤེལ་རེས། ཁྱབ་གདལ། རོགས་སྐྱོར་བཅས་བྱས་པའི་རྣམ་གྲངས་ཤིག་རེད།

ད་རེས་ཀྱི་འགྲེམས་སྟོན་ཟླ12པའི་ཚེས2ཉིན་བར་རྒྱུན་མཐུད་འགྲེམས་སྟོན་བྱ་རྒྱུ་དང་། དེ་རྗེས་ད་དུང་ཧྲང་ཧའེ་དང་། ཧྲེན་ཀྲེན། ཧྥ་རན་སེའི་ཕ་རི་སི་བཅས་སུ་འགྲེམས་སྟོན་བྱ་རྒྱུ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།