ཀྲུང་གོ་བོད་ཀྱི་དྲ་བ།

སྐབས་བཅུ་གསུམ་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་གཟའ་འཁོར་གཉིས་ཀྱི་བཞུགས་མོལ་ཚོགས་འདུ་པེ་ཅིན་ནས་ཚོགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་གཅིག་པའི་ཚེས་ཉེར་གཉིས་ཉིན། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་གཟའ་འཁོར་གཉིས་ཀྱི་བཞུགས་མོལ་ཚོགས་འདུ་པེ་ཅིན་ནས་ཚོགས་ཏེ། ཁྱད་ལྡན་མཁར་གྲོང་ཆུང་བའི་འཛུགས་སྐྲུན་ཁྲོད་དུ་གནས་པའི་གནད་དོན་ལུགས་མཐུན་སྒོས་ཐག་གཅོད་པའི་ཐད་ལ་བློ་འདོན་ཇུས་འབུལ་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་། ཁོང་གིས་བསྟན་དོན། ཁྱད་ལྡན་མཁར་གྲོང་ཆུང་བ་ནི་དཔལ་འབྱོར་ཚུལ་སྒྱུར་རིམ་འཕར་དང་རྣམ་པ་གསར་བའི་མཁར་གྲོང་ཅན་ལ་སྐུལ་འདེད་གཏོང་བའི་ལས་འགན་ཡིན་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལག་བསྟར་བྱེད་པའི་སྟེགས་བུ་གསར་བ་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྱད་ལྡན་མཁར་གྲོང་ཆུང་བ་འཛུགས་སྐྲུན་བྱེད་པའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་གོ་བ་ཟབ་མོ་ལེན་པ་དང་དེ་ལག་བསྟར་ནན་མོ་བྱས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་ལག་བསྟར་བྱེད་པ་དང་ཡུལ་བབ་དང་བསྟུན་པ་དང་མི་གཙོ་བོར་འཛིན་པ་རྒྱུན་འཁྱོངས་བྱེད་དགོས་ལ། བརྟན་འཇགས་ཁྲོད་ནས་འཕེལ་རྒྱས་བརྩོན་ལེན་པ་དང་ཡུན་རིང་ལ་རྒྱུན་འཁྱོངས་ལྷོད་མེད་བྱས་ནས། ཧུར་ཐག་སྒོས་ཁྱད་ཆོས་འབུར་དུ་ཐོན་པ་དང་ས་གནས་ཀྱི་གནས་བབ་དང་མཐུན་པ། གསོན་ཤུགས་ཤིན་ཏུ་རྒྱས་པའི་ཁྱད་ལྡན་མཁར་གྲོང་ཆུང་བ་འཛུགས་སྐྲུན་བྱེད་པའི་བགྲོད་ལམ་ཞིག་དུ་སྐྱོད་དགོས་ཟེར།

ཚོགས་ཐོག་ཏུ་ཨུ་ཡོན་དང་ཆེད་མཁས་པ་བཅུ་གཉིས་ཀྱིས་ཁྱད་ལྡན་མཁར་གྲོང་ཆུང་བའི་འཕེལ་རྒྱས་ཁ་ཕྱོགས་དང་འཆར་འགོད་སྣེ་ཁྲིད། ཐོན་ལས་གསོ་སྐྱོང་། ས་ཞིང་བཀོལ་སྤྱོད། ཤེས་ལྡན་མི་སྣ་ནང་འདྲེན། ལམ་ལུགས་གཏན་འཁེལ་སོགས་ཀྱི་ཐད་ལ་བསམ་འཆར་དང་གྲོས་གཞི་བཏོན།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲའོ་ཧོང་གིས་བརྗོད་དོན་གཏམ་བཤད་གནང་བ་དང་། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བས་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས། རང་བྱུང་ཐོན་ཁུངས་པུའུ་དང་སྐྱེ་ཁམས་ཁོར་ཡུག་པུའུ། སྡོད་ཁང་འཛུགས་སྐྲུན་པུའུ་བཅས་ཀྱི་འགན་འཁུར་བས་ཡུལ་དངོས་ནས་བསམ་འཆར་བརྗེ་རེས་བྱས།   །


རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།