ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་གྱིས་པེ་ཅིན་ཏ་ཞིན་རྒྱལ་སྤྱི་གནམ་གྲུ་ཐང་གི་འཛུགས་སྐྲུན་གནས་ཚུལ་ལ་རྟོག་ཞིབ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ11པའི་ཚེས20ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིན་ཏ་ཞིན་རྒྱལ་སྤྱི་གནམ་གྲུ་ཐང་གི་འཛུགས་སྐྲུན་གནས་ཚུལ་ལ་རྟོག་ཞིབ་མཛད། ཁོང་གིས་བསྟན་དོན། པེ་ཅིན་ཏ་ཞིན་རྒྱལ་སྤྱི་གནམ་གྲུ་ཐང་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དངོས་སུ་ཐུགས་ཁུར་གནང་བ་དང་དངོས་སུ་སྐུལ་འདེད་བཏང་བའི་མཚོན་བྱེད་རང་བཞིན་གྱི་བཟོ་སྐྲུན་གལ་ཆེན་ཞིག་ཡིན་པས། སྤུས་ལེགས་བཟོ་སྐྲུན་དང་དཔེ་མཚོན་བཟོ་སྐྲུན། བདེ་འཇགས་བཟོ་སྐྲུན། སྤྱོད་གཙང་བཟོ་སྐྲུན་བཅས་གསར་སྐྲུན་བྱེད་པའི་རེ་བ་ལྟར། རྩ་འཛུགས་ཞིབ་མོ་བྱས་ཏེ་བཟོ་སྐྲུན་འཛུགས་སྐྲུན་བྱེད་པ་དང་སྐྱེལ་འདྲེན་བདག་གཉེར་གྲ་སྒྲིག་བྱ་བ་བཟང་བོར་བསྒྲུབ་དགོས་ལ། དུས་ལྟར་བཟོ་སྐྲུན་ལེགས་འགྲུབ་འབྱུང་བར་འགན་སྲུང་བྱེད་པ་དང་སྔར་ལས་བཟང་བའི་སྒོ་ནས་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་ཕྱི་བསྒྲུབ་པ་དང་རྒྱལ་ཁབ་ཀྱི་སྣང་བརྙན་མངོན་པར་བྱེད་དགོས་ཟེར།

ཧན་ཀྲིན་གྱིས་རྟོག་ཞིབ་མཛད་སྐབས་བཟོ་སྐྲུན་འཛུགས་སྐྲུན་ཁྲོད་དུ་ཞུགས་པའི་ལས་བཟོ་བའི་འཐུས་མི་ལ་འཚམས་འདྲི་ཞུས་པར་མ་ཟད་ཚང་མས་ཚན་རིག་དང་མཐུན་པར་བཟོ་སྐྲུན་ལག་བསྟར་བྱེད་སྐབས་སྤུས་ཚད་དང་པོར་འཇོག་པ་དང་བདེ་འཇགས་གཙིགས་སུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། ཡང་འབད་བསྐྱར་འབད་བྱེད་པ་དང་སང་ལོར་དུས་ལྟར་བཟོ་སྐྲུན་ལེགས་འགྲུབ་འབྱུང་བར་འགན་སྲུང་བྱས་ནས་ཏང་དང་མི་དམངས་ཡིད་ཚིམས་པར་བྱེད་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།