ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཧན་གོའི་ཙུང་ཐུང་ཝུན་ཙེ་དབྱིན་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

201811181014367lnU.jpg

ཟླ་བཅུ་གཅིག་པའི་ཚེས་བཅུ་བདུན་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མོ་ཨར་སི་པུས་ཀང་ནས་ཧན་གོའི་ཙུང་ཐུང་ཝུན་ཙེ་དབྱིན་ལ་མཇལ་འཕྲད་གནང་

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་གཅིག་པའི་ཚེས་བཅུ་བདུན་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མོ་ཨར་སི་པུས་ཀང་ནས་ཧན་གོའི་ཙུང་ཐུང་ཝུན་ཙེ་དབྱིན་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་གསུངས་རྒྱུར། འདས་པའི་ལོ་གཅིག་གི་ནང་བདག་དང་ཙུང་ཐུང་གཉིས་ཀྱིས་བཏོན་པའི་ཐུན་མོང་གི་ལྟ་ཚུལ་དངོས་འབེབས་བྱས་པ་བཟང་ཞིང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བརྟན་བརླིང་སྒོས་འཕེལ་རྒྱས་བྱུང་། ང་ཚོས་མུ་མཐུད་དུ་ཀྲུང་གོ་དང་ཧན་གོའི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་གཏིང་ཟབ་ཏུ་སྤེལ་བ་དང་ས་གནས་ཡུན་རིང་ཞི་བདེ་དང་དར་རྒྱས་སུ་འགྲོ་བར་བྱས་རྗེས་འཇོག་དགོས། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་མཐོ་རིམ་འགོ་ཁྲིད་པའི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཕན་ཚུན་གྱི་ཁེ་ཕན་ལ་འབྲེལ་བ་ཡོད་པའི་གནད་དོན་ཐད་ནས་འབྲེལ་འདྲིས་དང་གཞོགས་འདེགས་དམ་པོ་བྱེད་དགོས་ལ། ཕན་ཚུན་བར་གྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་ཕྱོགས་གཉིས་བར་གྱི་གནད་དོན་གཙོ་བོ་འོས་འཚམ་སྒོས་ཐག་གཅོད་བྱེད་དགོས་པར་མ་ཟད། ཕྱོགས་གཉིས་ཀྱི་གཉིས་ཕན་མཉམ་ལས་ལེགས་སྒྱུར་རིམ་འཕར་བྱེད་དགོས་ཟེར།

ཝུན་ཙེ་དབྱིན་གྱིས་བཤད་རྒྱུར། ཧན་གོ་ཕྱོགས་ཀྱིས་ཀྲུང་གོས་ཁྲའོ་ཞན་ཕྱེད་གླིང་གནས་བབ་ཞི་འཇགས་དང་ཕྱེད་གླིང་གནད་དོན་ཐག་གཅོད་པར་ནུས་པ་གལ་ཆེན་བཏོན་པར་བཀའ་དྲིན་ཆེ་ཞུ་བར་མ་ཟད་ཀྲུང་གོ་ཕྱོགས་དང་མཉམ་དུ་མཐུན་སྦྱོར་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།