ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་དང་པ་པུའུ་ཡ་ཀུའེ་ནེ་ཡ་གསར་བ་རང་བཙན་རྒྱལ་ཁབ་ཀྱི་ཙུང་ལི་ཨོ་ཉི་ཨར་རྣམ་གཉིས་མཉམ་དུ་ཀྲུང་གོས་རོགས་འཛུགས་བྱས་པའི་རང་བཙན་གཞུང་ལམ་སྤྲོད་འགོ་བརྩམས་པའི་མཛད་སྒོར་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20181117093432BBFC.jpg

ཟླ་བཅུ་གཅིག་པའི་ཚེས་བཅུ་དྲུག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་པ་པུའུ་ཡ་ཀུའེ་ནེ་ཡ་གསར་བ་རང་བཙན་རྒྱལ་ཁབ་ཀྱི་ཙུང་ལི་ཨོ་ཉི་ཨར་རྣམ་གཉིས་མཉམ་དུ་ཀྲུང་གོས་རོགས་འཛུགས་བྱས་པའི་རང་བཙན་གཞུང་ལམ་སྤྲོད་འགོ་བརྩམས་པའི་མཛད་སྒོར་ཞུགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་གཅིག་པའི་ཚེས་བཅུ་དྲུག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་པ་པུའུ་ཡ་ཀུའེ་ནེ་ཡ་གསར་བ་རང་བཙན་རྒྱལ་ཁབ་ཀྱི་ཙུང་ལི་ཨོ་ཉི་ཨར་རྣམ་གཉིས་མཉམ་དུ་ཀྲུང་གོས་རོགས་འཛུགས་བྱས་པའི་རང་བཙན་གཞུང་ལམ་སྤྲོད་འགོ་བརྩམས་པའི་མཛད་སྒོར་ཞུགས།

རང་བཙན་གཞུང་ལམ་སྤྲོད་འགོ་བརྩམས་རྗེས། ཞི་ཅིན་ཕིང་དང་ཨོ་ཉི་ཨར་རྣམ་གཉིས་ཀྱིས་ཤིས་ཚིག་ཕུལ། ཞི་ཅིན་ཕིང་གིས་ཐོག་མར་རྒྱལ་ཁབ་གཉིས་ཀྱི་གཞུང་ལམ་འཛུགས་སྐྲུན་ཁྲོད་དུ་ཞུགས་པའི་བཟོ་སྐྲུན་ལག་རྩལ་མི་སྣར་བརྩེ་བའི་འཚམས་འདྲི་དང་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས། ཁོང་གིས་གསུངས་རྒྱུར། རང་བཙན་གཞུང་ལམ་འབྲེལ་མཐུད་བྱས་པ་ནི་ཀྲུང་གོ་མི་དམངས་དང་པ་པུའུ་ཡ་ཀུའེ་ནེ་ཡ་གསར་བ་རང་བཙན་རྒྱལ་ཁབ་བར་དུ་མཛའ་བཤེས་ཟབ་མོ་ཆགས་པ་མཚོན་ཡོད་ལ། ཀྲུང་གོ་མི་དམངས་ཀྱིས་པ་པུའུ་ཡ་ཀུའེ་ནེ་ཡ་གསར་བ་རང་བཙན་རྒྱལ་ཁབ་ཀྱི་མི་དམངས་ལ་སྨོན་འདུན་བཟང་བོ་ཞུས་པ་མཚོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་པ་པུའུ་ཡ་ཀུའེ་ནེ་ཡ་གསར་བ་རང་བཙན་རྒྱལ་ཁབ་ཕྱོགས་དང་མཉམ་དུ་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་བརྗེ་རེས་རྒྱ་བསྐྱེད་ཅིང་མཉམ་ལས་ལ་ཤུགས་བསྣན་ནས། དར་རྒྱས་བགྲོད་ལམ་དང་སྒོ་འབྱེད་བགྲོད་ལམ། མཛའ་བཤེས་བགྲོད་ལམ་འཛུགས་སྐྲུན་བྱེད་པར་མཉམ་དུ་འཆར་འགོད་བྱེད་འདོད་ཡོད་ཟེར།

ཨོ་ཉི་ཨར་གྱིས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་རང་བཙན་གཞུང་ལམ་སྤྲོད་འགོ་བརྩམས་པའི་མཛད་སྒོར་ཞུགས་པར་ཁོ་རང་ཧ་ཅང་དགའ་སྤྲོ་སྐྱེས་བ་དང་། ཀྲུང་གོས་དུས་ཡུན་རིང་བོར་པ་པུའུ་ཡ་ཀུའེ་ནེ་ཡ་གསར་བ་རང་བཙན་རྒྱལ་ཁབ་ལ་རོགས་རམ་ཆེན་པོ་བྱས་པར་བཀའ་དྲིན་ཆེ་ཞུས་པ་ཡིན། ལས་གཞི་དེ་ནི་པ་པུའུ་ཡ་ཀུའེ་ནེ་ཡ་གསར་བ་རང་བཙན་རྒྱལ་ཁབ་དང་ཀྲུང་གོའི་བར་དུ་མཛའ་བཤེས་ཟབ་མོ་ཆགས་པའི་མཚོན་རྟགས་ཡིན་པ་དང་ཀྲུང་གོས་པ་པུའུ་ཡ་ཀུའེ་ནེ་ཡ་གསར་བ་རང་བཙན་རྒྱལ་ཁབ་ལ་རྒྱབ་སྐྱོར་ཆེན་པོ་བྱས་པའི་མཚོན་ཡོད་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།