ཀྲུང་གོ་བོད་ཀྱི་དྲ་བ།

ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་དང་པོའི་ཉོ་ཚོང་ཉོ་སྒྲུབ་ཀྱི་གྲུབ་འབྲས་བཟང་བ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2018-11-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས10ཉིན་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་དང་པོ་གྲོལ་བ་དང་། ད་ཐེངས་ཀྱི་ནང་འདྲེན་དངོས་མང་སྟོན་ཚོགས་ལ་ཉོ་ཚོང་ཉོ་སྒྲུབ་ཀྱི་གྲུབ་འབྲས་བཟང་པོ་ཐོབ་པ་དང་ལོ་གཅིག་ལ་གཞིགས་ནས་རིམ་རྩིས་བརྒྱབ་ཚེ་ཚོང་འགྲིག་པའི་འདུན་པ་གྲུབ་ཚད་ཨ་སྒོར་དུང་ཕྱུར578.3ཟིན་ཡོད་པ་རེད།

འདི་ནི་གསར་འགོད་པས་དེའི་རིང་འཚོགས་པའི་མཇུག་སྒྲིལ་གྱི་གསར་འགྱུར་བརྡ་གཏོང་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པ་ཞིག་རེད། ནང་འདྲེན་དངོས་མང་སྟོན་ཚོགས་ནི་ད་བར་འཛམ་གླིང་ཐོག་ནང་འདྲེན་བརྗོད་དོན་གཙོ་བོར་བྱས་པའི་རྒྱལ་ཁབ་རིམ་པའི་འགྲེམས་ཚོགས་དང་པོ་དེ་ཡིན་པ་དང་དེ་ནི་རྒྱལ་སྤྱིའི་ཚོང་དོན་འཕེལ་རྒྱས་ལོ་རྒྱུས་ཐོག་གི་གསར་གཏོད་བྱེད་ཐབས་ཆེན་པོ་ཞིག་རེད། མིག་སྔར་སྲུང་སྐྱོང་རིང་ལུགས་དང་ཕྱོགས་རྐྱང་རིང་ལུགས་མགོ་བོ་འབུས་པའི་རྒྱབ་ལྗོངས་འོག་འཚོགས་པའི་ནང་འདྲེན་དངོས་མང་སྟོན་ཚོགས་ནི་ཀྲུང་གོས་རང་འགུལ་ངང་འཛམ་གླིང་ལ་ཁྲོམ་རའི་སྒོ་མོ་འབྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་ལ་སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་བྱེད་རྒྱུར་སྐུལ་འདེད་གཏོང་བ་དང་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ལ་རྒྱབ་སྐྱོར་བྱེད་པའི་ཀྲུང་གོའི་དངོས་ཡོད་བྱ་སྤྱོད་ཅིག་རེད།

ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་ཅུས་ཀྱི་ཅུས་ཀྲང་གཞོན་པ་སུན་ཁྲེང་ཧའེ་ཡིས་ཨ་སྒོར་དུང་ཕྱུར578.3ཟིན་པའི་ཚོང་འགྲིག་པའི་འདོད་མཐུན་དངུལ་འབོར་ཁྲོད་རིག་ནུས་དང་རྩེར་སོན་སྒྲིག་ཆས་འགྲེམས་ཁུལ་གྱི་ཚོང་འགྲིག་ཚད་མཐོ་ཤོས་ཟིན་ནས་ཨ་སྒོར་དུང་ཕྱུར164.6བྱུང་བ་དང་། དེ་རྗེས་ནི་བཟའ་བཅའ་དང་ཞིང་ཞོར་ཐོན་རྫས་འགྲེམས་ཁུལ་ཡིན་པ་དེའི་ཚོང་འགྲིག་ཚད་ཨ་སྒོར་དུང་ཕྱུར126.8ཟིན་པ། རླངས་འཁོར་འགྲེམས་ཁུལ་གྱི་ཚོང་འགྲིག་ཚད་ཨ་སྒོར་དུང་ཕྱུར119.9ཟིན་པ། སྨན་བཅོས་ཡོ་ཆས་དང་དེ་བཞིན་གསོ་བ་རིག་འཕྲོད་སྦྱོར་འགྲེམས་ཁུལ་གྱི་ཚོང་འགྲིག་ཚད་ཨ་སྒོར་དུང་ཕྱུར57.6ཟིན་པ། འཛད་སྤྱོད་གློག་རྡུལ་དང་ཁྱིམ་སྤྱོད་གློག་ཆས་འགྲེམས་ཁུལ་གྱི་ཚོང་འགྲིག་ཚད་ཨ་སྒོར་དུང་ཕྱུར43.3ཟིན་པ། རྒྱན་གོས་དང་དེ་བཞིན་རྒྱུན་སྤྱོད་འཛད་སྤྱོད་དངོས་རྫས་འགྲེམས་ཁུལ་གྱི་ཚོང་འགྲིག་ཚད་ཨ་སྒོར་དུང་ཕྱུར33.7ཟིན་པ། ཞབས་ཞུའི་ཚོང་དོན་འགྲེམས་ཁུལ་གྱི་ཚོང་འགྲིག་ཚད་ཨ་སྒོར་དུང་ཕྱུར32.4ཟིན་པ་བཅས་རེད། གཞན་ཡང“རྒྱུད་གཅིག་ལམ་གཅིག”ལམ་རྒྱུད་རྒྱལ་ཁབ་དབར་ཚོང་འགྲིག་པའི་འདོད་མཐུན་གྲུབ་ཚད་རིམ་རྩིས་ལྟར་ན་ཨ་སྒོར་དུང་ཕྱུར47.2ཟིན་ཡོད་ཅེས་བརྗོད།

སྐབས་འདིའི་ནང་འདྲེན་དངོས་མང་སྟོན་ཚོགས་ཀྱིས“དུས་རབས་གསར་པར་འབྱུང་འགྱུར་མཉམ་སྤྱོད་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པ་དང་། རྒྱལ་ཁབ་དང་། ས་ཁུལ། རྒྱལ་སྤྱིའི་རྩ་འཛུགས་བཅས172ཀྱི་ཁེ་ལས3600འགྲེམས་སྟོན་ལ་ཞུགས་ཡོད་པ་རེད། ས་མཚམས་ཕྱི་ནང་གི་ཉོ་སྒྲུབ་ཚོང་པ་ཁྲི40ལྷག་ཙམ་འགྲེམས་ཚོགས་ལ་ཞུགས་ནས་ཉོ་སྒྲུབ་ཀྱི་ངོ་འཕྲད་གྲོས་མོལ་བྱས་པར་འགྲེམས་སྟོན་གྱི་སྤྱིའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་ཁྲི30ཟིན་པ་དང་། ཟླ11ཚེས10ཉིན་གྱི་ཉིན་དགུང་ཆུ་ཚོད12པའི་བར། རིམ་རྩིས་བྱས་ན་འགྲེམས་ཁང་དུ་མི་ཁྲི་80སླེབས་ཡོད་པ་རེད།

ཚེས་5ཉིན་འཚོགས་པའི་ཧུང་ཆའོ་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་གླེང་སྟེགས་སྐབས་དང་པོའི་ཐོག“ཚོང་དོན་དང་སྒོ་དབྱེ”དང་། “ཚོང་དོན་དང་གསར་གཏོད”“ཚོང་དོན་དང་མ་འཇོག”བཅས་ཀྱི་མཉམ་གཤིབ་གླེང་སྟེགས་འཚོགས་པ་རེད། གཞན་ཡང་དུས་མཚུངས་སུ་ཧུང་ཆའོ་རྒྱལ་སྤྱིའི་ནོར་དཔལ་སྨྱན་སྦྱོར་དང་རིག་མཛོད་གླེང་སྟེགས་ཀྱང་འཚོགས་པ་རེད།

རིགས་གཅིག་མཁས་ཅན་གྱིས་ནང་འདྲེན་དངོས་མང་སྟོན་ཚོགས་ལ་གྲུབ་འབྲས་བཟང་པོ་ཐོབ་པ་དེ་ནི་གོ་ལ་ཧྲིལ་པོའི་ཁེ་ལས་ཀྱིས་ཀྲུང་གོའི་མི་འབོར་དུང་ཕྱུར13ལྷག་ཙམ་གྱི་ཁྲོམ་ར་ཆེན་པོར་མཐོང་ཆེན་པོ་བྱས་པ་དང་ཀྲུང་གོས་སྒོ་དབྱེ་སྔར་བས་རྒྱ་ཆེར་གཏོང་བའི་མདུན་ལམ་ལ་ལྟ་སྟངས་ཡག་པོ་འཛིན་པ་ཞིག་རེད། ནང་འདྲེན་རྒྱ་ཆེར་བཏང་བ་དེས་ཀྲུང་གོའི་ཁེ་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྔར་བས་སྐུལ་འདེད་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དེ་བས་ལེགས་པའི་སྒོ་ནས་སྐུལ་འདེད་དང་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་ཐུབ་རྒྱུ་རེད་ཅེས་བརྗོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།