ཀྲུང་གོ་བོད་ཀྱི་དྲ་བ།

ཁྲིམས་འཛིན་པུའུ་ཀྲང་ཧྥུའུ་ཀྲིན་ཧྭ་ཡིས་ཁྲིམས་སྐྱོང་འགན་སྲུང་དང་བཅའ་ཁྲིམས་ཁོར་ཡུག བཅའ་ཁྲིམས་ཞབས་ཕྱི་སོགས་ལ་དམིགས་ཏེ། དམངས་གཉེར་ཁེ་ལས་པར་ལས་སྤེལ་དང་དངུལ་གཏོང་། བདག་གཉེར་བཅས་བྱེད་དུ་འཇུག་ངེས་ཡིན་ཞེས་ནན་གྱིས་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ11པའི་ཚེས11ཉིན། ཁྲིམས་འཛིན་པུའུ་ཀྲང་ཧྥུའུ་ཀྲིན་ཧྭ་ཡིས་ཀྲུང་དབྱང་བརྙན་འཕྲིན་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཁྲིམས་འཛིན་པུའུ་ཡིས་ཁྲིམས་སྐྱོང་འགན་སྲུང་དང་བཅའ་ཁྲིམས་ཁོར་ཡུག བཅའ་ཁྲིམས་ཞབས་ཕྱི་སོགས་ལ་དམིགས་ཏེ། སྔར་ལས་འདྲ་མཉམ་དང་མངོན་གསལ་ཡིན་པའི་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་གསར་སྐྲུན་བྱས་ནས། དམངས་གཉེར་ཁེ་ལས་པར་ལས་སྤེལ་དང་དངུལ་གཏོང་། བདག་གཉེར་བཅས་བྱེད་དུ་འཇུག་ངེས་ཡིན་ཟེར།

ཧྥུའུ་ཀྲིན་ཧྭ་ཡིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་པའི་དམངས་གཉེར་ཁེ་ལས་ཀྱི་བཅོས་སྒྱུར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་གསུང་བཤད་ཀྱི་དགོངས་དོན་དངོས་འབེབས་བཟང་བོ་བྱེད་ཆེད། ཁྲིམས་འཛིན་པུའུ་ཡིས་ཆེད་དུ་ཞིབ་འཇུག་བྱས་ཏེ་འགན་ནུས་འདོན་སྤེལ་གང་ལེགས་བྱས་ནས་དམངས་གཉེར་ཁེ་ལས་ཀྱི་འཕེལ་རྒྱས་ཐད་ལ་ཁྲིམས་སྐྱོང་གི་ཁོར་ཡུག་བཟང་བོ་ཞིག་གསར་སྐྲུན་བྱེད་པའི་སྐོར་གྱི་བསམ་འཆར་གཏན་འཁེལ་བྱསཡོད་ཟེར།

ཧྥུའུ་ཀྲིན་ཧྭ་ཡིས་བཤད་རྒྱུར། ཤུགས་ཆེན་པོས་སྲིད་འཛིན་ཁྲིམས་སྐྱོང་སྤྱི་བསྒྲགས་དང་ཁྲིམས་སྐྱོང་བརྒྱུད་རིམ་ཡོངས་ཟིན་བྲིས་སུ་འགོད་པ། ཁྲིམས་སྐྱོང་ཐག་གཅོད་གལ་ཆེན་ལ་ཁྲིམས་ལྟར་གྲོས་ཞིབ་བྱེད་པ་བཅས་ལམ་ལུགས་གསུམ་ལག་བསྟར་བྱས་ནས། ཧུར་ཐག་སྒོས་དམངས་གཉེར་ཁེ་ལས་ཀྱི་འཕེལ་རྒྱས་ལ་འདྲ་མཉམ་གྱི་ཁྲིམས་སྐྱོང་འགན་སྲུང་འདོན་སྤྲོད་བྱེད་དགོས་ཟེར།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།