ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཆི་ཧྲན་གྱིས་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཟུར་པ་ཅི་ཞིན་ཀི་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ11པའི་ཚེས10ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཟུར་པ་ཅི་ཞིན་ཀི་ལ་མཇལ་འཕྲད་གནང་།

ཝང་ཆི་ཧྲན་གྱིས་གསུངས་རྒྱུར། ཀྲུང་གོ་དང་ཨ་མེ་རི་ཁས་ཕྱི་ཕྱོགས་འབྲེལ་བ་བཙུགས་ནས་ལོ་བཞི་བཅུ་ཙམ་འགོར་བའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བས་དཀའ་ཁག་སྣ་ཚོགས་བརྒྱུད་མྱོང་ནའང་སྤྱིར་བཏང་དུ་མདུན་སྐྱོད་བྱེད་ཀྱིན་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཁེ་ཕན་གང་མང་བསྐྲུན་ཞིང་འཛམ་གླིང་གི་ཞི་བདེ་དང་བརྟན་འཇགས་དང་དར་རྒྱས་ཐད་ལ་སྐུལ་འདེད་བཏང་། ལོ་རྒྱུས་ལས་ཕན་ཚུན་ལ་བརྩི་འཇོག་དང་འདྲ་མཉམ་མཐུན་སྦྱོར། གཉིས་ཕན་མཉམ་ལས་ནི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཐད་ཀྱི་ཡང་དག་པའི་གདམ་གསེས་གཅིག་པུ་ཡིན་པ་བདེན་དཔང་བྱས་ཡོད། ཀྲུང་གོ་དང་ཨ་མེ་རི་ཁ་ཕྱོགས་གཉིས་ཀྱིས་དུས་རབས་ཀྱི་རླབས་རྒྱུན་དང་བསྟུན་ནས་ཕན་ཚུན་ལ་རྒྱུས་ལོན་ཟབ་མོ་བྱེད་པ་དང་ཁྱབ་ཁོངས་སོ་སོའི་བརྗེ་རེས་དང་མཉམ་ལས་ལ་སྐུལ་འདེད་གཏོང་དགོས་ལ། ཕྱོགས་གཉིས་བར་གྱི་འགལ་བ་སྣ་ཚོགས་འོས་འཚམ་སྒོས་དོ་དམ་དང་ཚོད་འཛིན་བྱེད་པ་དང་གནས་བབ་གསར་བའི་འོག་ཏུ་རྒྱལ་ཁབ་གཉིས་ཀ་མཉམ་གནས་བྱེད་པའི་བགྲོད་ལམ་འཚོལ་ཞིབ་བྱས་ནས། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་དེ་རྗེས་མའི་ལོ་བཞི་བཅུའི་ནང་དུ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར།

ཅི་ཞིན་ཀི་ཡིས་བཤད་རྒྱུར། ཨ་མེ་རི་ཁ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་ཐུན་མོང་གི་ཁེ་ཕན་དེ་འགལ་བ་ལས་ཤུགས་ཆེ། འདྲ་མཉམ་གྲོས་མོལ་བརྒྱུད་དེ་རྒྱལ་ཁབ་གཉིས་བར་གྱི་དེང་སྐབས་ཀྱི་གནད་དོན་ཐག་གཅོད་དགོས་པ་དང་།  ཨ་མེ་རི་ཁ་དང་ཀྲུང་གོའི་འབྲེལ་བའི་མ་འོངས་པའི་འཕེལ་རྒྱས་ཐད་ལ་ཐུན་མོང་གི་ལྟ་ཚུལ་འདོན་པར་འབད་བརྩོན་བྱེད་འདོད་ཡོད་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།