ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམ་ཚོགས་ཀྱི་གསར་འགྱུར་ལྟེ་གནས།

ཡོང་ཁུངས། : ཀྲུང་གོའི་བོད་ལྗོངས་དྲ་བ།     སྤེལ་དུས། : 2018-11-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

W020181104553033029817.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྐབས་དང་པོའི་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམ་ཚོགས་དེ་ཟླ11པའི་ཚེས5ཉིན་ཧྲང་ཧའེ་དུ་གཉེར་བ་ཡིན་ལ། དེ་ནི་འཛམ་གླིང་ཧྲིལ་པོའི་ནང་འདྲེན་འགྲེམ་དངོས་ཀྱིས་བརྗོད་བྱ་གཙོ་བོ་བྱས་པའི་རྒྱལ་ཁབ་རིམ་པའི་དངོས་མང་འགྲེམ་ཚོགས་དང་པོ་དེ་ཡིན་ཞིང་། རྒྱ་ཆེའི་དོ་ཁུར་དང་རེ་སྒུག་བྱས་ཡོད།

W020181104553033119726.jpg

རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམ་ཚོགས་ཀྱི་གསར་འགྱུར་ལྟེ་གནས་ནི་ཐེངས་འདིའི་འགྲེམ་ཚོགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། གཤམ་ལ་གསར་འགྱུར་ལྟེ་གནས་དེ་ངོ་སྤྲོད་ཐུང་ངུ་ཞིག་བྱེད།

གསར་འགྱུར་ལྟེ་གནས་ནི་འདྲི་རྩད་ཞབས་ཞུ་ཁུལ་དང་། སྤྱིའི་ལས་དོན་ཁུལ། ཆེད་སྤྱོད་ལས་དོན་ཁུལ། རླུང་འཕྲིན་བརྙན་འཕྲིན་སྨྱན་སྦྱོར་གསར་པའི་རྩིས་འཁོར་ཁང་། གསར་འགྱུར་ཁྱབ་བསྒྲགས་ཁང་། བཟའ་བཏུང་སྤྲོ་གསེང་ཞབས་ཞུ་ཁུལ་སོགས་བྱེད་ནུས་མང་བའི་ཁུལ་ཞིག་ཡིན། གསར་འགྱུར་ལྟེ་གནས་ཀྱི་ནང་ཁུལ་དུ་སྐུད་མེད་དྲ་རྒྱ་ཁྱོན་ཡོངས་ནས་ཁེབས་ཡོད།

W020181104553033153057.jpg

དེ་ནི་འདྲི་རྩད་ཞབས་ཞུའི་ལྟེ་གནས་ཡིན་པ་དང་། འདིའི་ནང་རྒྱ་ཡིག་དང་དབྱིན་ཡིག་གི་ཆ་འཕྲིན་འདྲི་རྩད་ཞབས་ཞུ་དང་ཡིག་ཆ་འགྲེམ་གཏོང་། བོར་དངོས་སྤྲོད་ལེན་སོགས་ཀྱི་ཞབས་ཞུ་སྒྲུབ་མཁན་ཡོད། ཐོག་བརྩེགས་དང་པོར་སྤྱིའི་ཞབས་ཞུ་ཁུལ་ཡོད་པས། གསར་འགོད་པར་ཡིག་ཟམ་དང་གློག་འཕྲིན་གཏོང་ས་དང་། མེ་འཁོར་དང་མཁའ་འགྲུལ་གྱི་པ་སེའི་ལས་དོན་སྒྲུབ་ས་སོགས་མཁོ་འདོན་བྱས་ཡོད།

W020181105351488672680.jpg

ཐོག་བརྩེགས་གཉིས་པའི་སྨྱན་སྦྱོར་སྤྱིའི་ལས་དོན་ཁུལ་ལ་གསར་འགོད་པའི་ལས་དོན་ས་ཚིགས450བཀོད་སྒྲིག་བྱས་ཡོད་པས། ལས་དོན་ས་ཚིགས་ ཚང་མར་སྐུད་མེད་དྲ་བ་ཁེབས་ཡོད་པ་མ་ཟད། དྲ་བ་མཐུད་ཆས་དང་གློག་འབྱུང་གནས་བཅས་ཡོད། བརྙན་ཤེལ་ཆེན་པོའི་ཐོག་དངོས་མང་འགྲེམ་ཚོགས་ཀྱི་འབྲེལ་ཡོད་ཆ་འཕྲིན་དུས་ཐོག་ཏུ་མཁོ་འདོན་བྱས་ཡོད།

W020181104553033286434.jpg

སྨྱན་སྦྱོར་ཆེད་སྤྱོད་ལས་དོན་ཁུལ་གྱི་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི་ལས་དོན་ཁུལ།

གོང་ལ་གསར་འགྱུར་ལྟེ་གནས་ཀྱི་གནས་ཚུལ་མདོར་བསྡུས་ནས་ངོ་སྤྲོད་བྱས་ཡོད། དེའི་ནང་ད་དུང་ཐད་གཏོང་བྱ་ཡུལ་དང་བཅར་འདྲི་བྱེད་ཡུལ། ཟ་ཁང་སོགས་ཞབས་ཞུ་ཁུལ་མང་པོ་བཀོད་སྒྲིག་བྱས་ཡོད། གསར་འགོད་པ་ཚོར་ལས་དོན་སྒྲུབ་ཡུལ་བཟང་པོ་ཞིག་བསྐྲུན་ཡོད་པ་མ་ཟད། གསར་འགོད་པ་ཚོར་ཁྱིམ་དུ་སླེབས་པའི་ཚོར་སྣང་ཞིག་སྟེར་ཐུབ་ཀྱི་ཡོད། 

W020181104553033329711.jpg

རྩོམ་སྒྲིག་པ། : ཀླུ་མོ་མཚོ།