ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ལས་དོན་ཨུ་ལྷན་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་སྔོན་ཐོན་མཉམ་སྡེབ20དང་ཕུལ་བྱུང་མི་སྒེར50ལ་གཟེངས་བསྟོད་བྱས་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2018-11-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས30ཉིན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་སྔོན་ཐོན་མཉམ་སྡེབ་དང་ཕུལ་བྱུང་མི་སྒེར་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་དང་སྔོན་ཐོན་བྱས་རྗེས་སྙན་ཞུའི་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ལས་དོན་ཨུ་ལྷན་གྱིས་སྔོན་ཐོན་མཉམ་སྡེབ20དང་ཕུལ་བྱུང་མི་སྒེར50ལ་གཟེངས་བསྟོད་བྱས་པ་རེད།

     ཚོགས་འདུའི་ཐོག་བློ་མཐུན་6གིས་སྔོན་ཐོན་མཉམ་སྡེབ་དང་ཕུལ་བྱུང་མི་སྒེར་གྱི་ཚབ་ཞུས་ཏེ་གཏམ་བཤད་སྤེལ་བ་རེད། ཁོང་ཚོས་དབུལ་སྒྲོལ་འགག་སྒྲོལ་གྱི་དམ་བཅའ་འཇོག་པའི་མི་སེམས་འགུལ་བའི་གཏམ་རྒྱུད་བཤད་དེ་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་རྒྱ་ཆེའི་དབུལ་སྐྱོར་ལས་བྱེད་པས་མང་ཚོགས་སེམས་ལ་འཆང་བ་དང་འགན་འཁྲི་འཁུར་ཕོད་པའི་དམངས་ལ་བརྩེ་སེམས་འཆང་བ་དང་། དཀའ་བ་སྤྱོད་འདོད་ཅིང་། སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བའི་བླ་ན་མེད་པའི་གཤིས་རྒྱུད། ཏན་ཏན་ཏིག་ཏིག་དང་ལས་སྒྲུབ་ལས་གཏོད་ཀྱི་སྤྱོད་ཚུལ་བཟང་པོ་བཅས་གཅིག་སྡུད་མཚོན་པར་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་གནས་གཏན་འཁེལ་གྱི་དབུལ་སྐྱོར་ཚན་པས་ཁྱོན་དབུལ་སྐྱོར་ལས་བྱེད་པ་500ལྷག་ཙམ་མངགས་གཏོང་བྱས་པར་གྲོང་སྡོད་ཧྲུའུ་ཅི་དང་པོ་170ལྷག་ཙམ་ཡོད། མིག་སྔར་རྒྱལ་ཡོངས་སུ་ཁྱབ་བསྒྲགས་བྱས་པའི་དབུལ་སྒྲོལ་གྱི་དབུལ་ཞྭ་འབུད་པའི་རྫོང་དབུལ་པོ་153ལས་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་གནས་གཏན་འཁེལ་གྱི་དབུལ་སྐྱོར་རྫོང་30ཟིན་ནས་20%ཙམ་བཟུང་ཡོད། ཉེ་བའི་ལོ་གསུམ་གྱི་རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གཟེངས་བསྟོད་ལ་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་མཉམ་སྡེབ་དང་མི་སྒེར་མང་པོ་ཞིག་ལ་བྱ་དགའ་ཐོབ་ཡོད་པ་རེད།

  ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་བཏང་སྟེ་གནས་གཏན་འཁེལ་གྱི་དབུལ་སྐྱོར་ནི་ཏང་ཀྲུང་དབྱང་གིས་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ལ་དཀྲིས་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱིས་གནས་གཏན་འཁེལ་གྱི་དབུལ་སྐྱོར་ལས་དོན་ཡག་པོ་སྒྲུབ་པའི་ཁྲོད་དཔེ་སྟོན་དཔེ་བཟང་གི་ནུས་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་གནས་གཏན་འཁེལ་གྱི་དབུལ་སྐྱོར་ལས་དོན་ཡག་པོ་སྒྲུབ་པ་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་དགོས་ངེས་ཀྱི་བླང་བྱ་ཡིན་པ་བཅས་ངོས་འཛིན་གང་ལེགས་ཐུབ་པར་བྱས་ནས་གནས་གཏན་འཁེལ་གྱི་དབུལ་སྐྱོར་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་ཏན་ཏིག་གཏོང་དགོས། དམིགས་ཚད་ཀྱི་བླང་བྱ་ཁོང་དུ་ཡང་དག་ཆུད་པ་དང་། རང་འགུལ་ངང་དབུལ་སྐྱོར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གྱི་ཚད་གཞི་དང་ཡང་ཡང་བསྡུར་བ། “གནད་སྨིན”གཙོ་རྐང་དེར་དམ་འཛིན། ཚན་པ་དང་ལས་རིགས་ཀྱི་ལེགས་ཆ་འདོན་སྤེལ་ལ་མཐོང་ཆེན། ཏང་འཛུགས་སྐྱོང་ལ་དམ་འཛིན་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་བ། ནང་སྐྱེས་སྒུལ་ཤུགས་འཕེལ་བ། ལས་ཀའི་སྤྱོད་ཚུལ་ལེགས་སུ་གཏོང་བ་བཅས་བྱས་ནས་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་གནས་གཏན་འཁེལ་གྱི་དབུལ་སྐྱོར་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། འགན་འཁྲི་འཁུར་རྒྱུར་ཤུགས་སྣོན་རྒྱག་པ་དང་། དམིགས་ཚད་ལས་འགན་ཞིབ་ཚགས་སུ་གཏོང་བ། འགན་འཁྲིའི་གསལ་ཐོ་བཟོ་བ་བཅས་བྱས་ཏེ་ཕར་ཆིན་རྒྱག་པའི་སྙིང་རུས་ལ་བརྟེན་ནས་དཔྱད་ཞིབ་སྐུལ་འདེད་ལ་ཤུགས་སྣོན་བརྒྱབ་སྟེ་དབུལ་སྒྲོལ་འགག་སྒྲོལ་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཆད་ལུས་མེད་པར་དོན་འཁྱོལ་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།