རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཁང་གིས་རྨང་གཞིའི་སྒྲིག་ཆས་ཁྱབ་ཁོངས་ཀྱི་ཞན་ཆ་གསབ་པའི་ཤུགས་ཚད་སྲུང་འཛིན་བྱེད་པའི་སྐོར་གྱི་མཛུབ་སྟོན་བསམ་འཆར་དཔར་ནས་བཀྲམ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་སྔོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཁང་གིས་རྨང་གཞིའི་སྒྲིག་ཆས་ཁྱབ་ཁོངས་ཀྱི་ཞན་ཆ་གསབ་པའི་ཤུགས་ཚད་སྲུང་འཛིན་བྱེད་པའི་སྐོར་གྱི་མཛུབ་སྟོན་བསམ་འཆར་དཔར་ནས་བཀྲམ།

མཛུབ་སྟོན་བསམ་འཆར་དེའི་ནང་དུ། དབུལ་ཐར་མཁྲེགས་གཏོར་དང་ལྕགས་ལམ། གཞུང་ལམ་ཆུ་འགྲུལ། གནམ་གྲུ་ཐང་། ཆུ་བེད། ནུས་ཁུངས། ཞིང་ལས་ཞིང་སྡེ། སྐྱེ་ཁམས་ཁོར་སྲུང་། སྤྱི་ཚོགས་དམངས་ཚིས་སོགས་ཁྱབ་ཁོངས་གལ་ཆེན་གྱི་ཞན་ཆ་གསབ་པར་དམིགས་ནས། འཆར་བཀོད་ཁྲོད་དུ་བཞག་པའི་ལས་གཞི་གལ་ཆེན་གྱི་རིགས་མྱུར་དུ་འཛུགས་སྐྲུན་བྱེད་དགོས་པ་གསལ་པོར་བསྟན་ཡོད།


རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།